2010-03-04

སྦུར་པ། འབུ་སྲིན་གྱི་རིགས་ཤིག


བོད་སྐད་དུ་སྦུར་པ་ཟེར་ལ། ཡུལ་ལུང་ལ་ལར་བོང་བེ་རྒྱའུ་ཡང་ཟེར། དེ་ནི་དབྱིན་སྐད་ནང་beetle ཞེས་པའི་འབུ་དེ་ལས་གཞན་དུ་མེད།

སྦུར་པ་ནི་ས་འོག་དང་ས་སྟེང་། ནམ་མཁའ་གསུམ་ཆར་བསྐྱོད་ཐུབ་པའི་འབུ་སྲིན་ཞིག་ཡིན་པ་དང་། བོད་དུ་བྱིས་པ་ཚོས་སྦུར་པ་བཟུང་ནས་ཤུགས་ཚད་དུ་བཅུགས་པ་དང་། ཤོག་བུ་ཁོག་སྟོང་དེ་འདྲ་གཡོགས་ནས་འཁུར་བཅུགས་ནས་རྩེད་མོ་ཡང་རྩེ་ཡི་ཡོད། སྦུར་པའི་ཨ་མ་དེ་ཚོའི་བྲང་ཁོག་འུག་སྦུར་ཕྲུག་གིས་ཁེངས་བསྡད་ཡོད་ལ་སྦུར་པས་མིས་མགོ་བོར་ཞུས་ན་ན་ཚ་ཆེན་པོ་བཏང་གི་རེད་ལ། སྐབས་རེ་གློག་གི་ཤེལ་ཏོག་ལ་རྒྱབ་ནས་ཤེལ་ཏོག་བཅོག་པར་ཡང་བྱེད་ཀྱི་རེད། ཕྱི་རྒྱལ་དུ་dung beetleསྦུར་པ་རིགས་ཤིག་གིས་ས་རིལ་རིལ་ཆེན་པོ་དེ་འདྲ་བཟོ་ཡི་ཡོད་འདུག

4 comments:

  1. སྐུ་ཉིད་ཀྱིས་ཟིན་བྲིས་གསར་པ་གཉེར་བར་བཀྲ་ཤིས་བདེ་ལེགས། དངོས་གནས་བྱས་ན། སྐུ་ཉིད་ཀྱིས་སྔོན་མ་གཉེར་བའི་ཟིན་བྲིས་དེ་དང། འདི་གཉིས་ཀ་གྷུ་གྷོལ་ཟིན་བྲིས་རེད། དྲྭ་ཚིགས་གཅིག་གི་ནང་དུ་མི་གཅིག་གིས་ཟིན་བྲིས་ཀྱི་མིང་མི་འདྲ་བ་གཉིས་གཉེར་ནས་ཆོ་ཨ་ཡོད། དེ་ལས་ wordpress.com ནང་ཟིན་བྲིས་ཤིག་གཉེར་ན་ཡག་པ་མེད་དམ་སྙམ།

    ReplyDelete
  2. ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་དེ་ནི་སྐྱ་རེངས་ཟིན་བྲིས་ཡིན་པས་སྤྱི་པ་དང་། འདི་ནི་ང་རང་སྒེར་གྱི་ཟིན་བྲིས་ཡིན་པའི་ཁུལ་ཡིན། འོན་ཀྱང་ཉིད་ཀྱིས་གསུངས་བ་ལྟར་ཁོ་བོས་ཚོད་ལྟ་འདྲ་པོ་བྱེད་ནས་ད་བར་དྲ་ཚིགས་ཁག་དྲུག་བདུན་ཞིག་སྒོ་ཕྱེ་ཡོད་ཀྱང་འདོད་བློ་འཚྀམ་པ་དང་གཏན་འཁེལ་བྱས་པ་བྱུང་མ་སོང་། ཧ་ཧ་།

    ReplyDelete
  3. ཟིན་བྲིས་གསར་པ་གཉེར་བར་བཀྲ་ཤིས་བདེ་ལེགས། བསམ་འཆར་ལ་བསལ་འཆར་ཞེས་བྲིས་འདུག་པ་བཅོས་ན་ལེགས། ཟིན་བྲིས་འདི་མཁྱེན་ལྡན་ཆུང་ཚེ་རིང་ལགས་ཀྱི་ཟིན་བྲིས་བརྒྱུད་ཤེས་རྟོགས་བྱུང།

    ཕྲན་ཤེས་རབ་བསྟན་འཛིན་པས།

    ReplyDelete
  4. དྲ་གྲོགས་ཤེས་རབ་བསྟན་འཛིན་ལགས། བསམ་འཆར་གནང་བ་དགའ་སྤྲོ་ཆེ།

    ReplyDelete

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།