2010-06-30

ཨཕ་རི་ཀ 2010 world cup


ཌེ་ཝིཌ་་་་ཝི་ལ། ཨསེ་པིན་དང་སྤོར་ཅུ་གྷ་རྩེ་དུས་ཁོའི་གྷོལ་བཞི་པ་དེ་བླུགས་པ།

ཉིས་སྟོང་བཅུ་ལོའི་རྐེད་ཙམ་དུ།།
ཨཕ་རི་ཀ་ཡི་ལྷོ་ཕྱོགས་ན།།
མི་མང་བྱེ་བ་འདུས་པ་ལས།།
འཛམ་གླིང་རྐང་སྤོལ་འགྲན་ཚོགས་འཚོགས།།

ཨེ་སེ་པིན་དང་སྦར་འཛིལ་དང་།།
ཨར་ཇེན་ཊི་ན་འཇར་མ་ནི།།
ཧྥ་རེན་སི་དང་དབྱིན་ཇི་དང་།།
ཧོ་ལེནྜ་ཨི་ཊ་ལི་ལ་སོགས།།

རྐང་སྤོལ་མཁས་ཅན་འཛོམས་གྱུར་ནའང་།།
རིམ་གྱི་ལམ་ལྷོངས་མེད་སོང་ངམ།།
གང་ལྟར་ཨི་ཊ་ལི་དང་ནི།།
ཧྥ་རེན་སི་གཉིས་དང་པོར་བུད།།

བཅུ་དྲུག་བྱ་བའི་རྭ་བའི་ནང་།།
འབྱོར་གྲགས་དབྱིན་ལྡན་དབྱིན་ཇི་ཡི།།
རྩེས་འགྲན་པ་རྣམས་འགྱིར་གྱུར་ནའང་།།
འཇར་མན་ལགས་ནས་བདེ་བླག་བུད།།

དེ་ཚེ་རོོ་ཎི་གང་དུ་མཆིས།།
ཇེ་རཀ་གྲོགས་ཀྱིས་དབེན་གྱུར་ཏམ།།
ལེམ་པཊ་ར་རོས་བཟི་གྱུར་ཏམ།།
ཋེ་རི་གང་དུ་གཉིད་སོང་དོགས།།

ཤར་ཕྱོགས་ཨེ་ཤྱ་གླིང་ཆེན་ནས།།
རྒྱལ་ཁབ་གསུམ་ཙམ་ཚུད་ནའང་།།
བཅུ་དྲུག་རྭ་བར་ཉི་ཧོང་གིས།།
ཤིན་ཏུ་བེད་ཀྱང་དེ་ནས་རྫོགས།།

ད་བར་རྩེད་འགྲན་བྱས་པའི་ནང་།།
ཨར་ཇེན་ཊི་ན་བྷར་ཛིལ་དང་།།
ཧོ་ལེནྜ་གསུམ་པོ་ཐོབ་ཀྱང་བྱས།།
འཇར་མན་སེ་པིན་མཁས་པར་གྲགས།།

དེ་བཞིན་ཡུ་རུ་གྷའི་དང་ནི།།
པ་ར་གྷའི་དང་གྷ་ན་བཅས།།
བརྒྱད་དག་ཟུར་བཞིའི་ཐ་མ་ཡི།།
རྩེད་འགྲན་རྭ་བར་ཚུད་པར་བྱས།།

མནངས་ནས་ཟུར་བཞིའི་ཐ་འགྲན་ནི།།
རྣོ་ངར་ལྡན་པར་ཚོགས་ངེས་ན།།
འདི་ནི་སུ་སུ་ཐོབ་ཤོར་ཐད།།
འདེངས་ཚོད་ཡོད་ན་མཆན་དུ་ཐོབས།།


ཟུར་བཞིའི་ཐ་འགྲན་མཛད་རིམ་གཤམ་གསལ།

༡༽རེས་གཟའ་པ་སངས་ཀྱི་རྩེད་འགྲན།
བྷར་ཛིལ་དང་ནི་དྷར་ལེནྜ། ༼ཧོ་ལེནྜ།༽ རྒྱ་གར་གྱི་ཚོུད། ༧་༣༠།
ཡུ་རུ་གྷའི་དང་གྷ་ན། རྒྱ་གར་གྱི་ཚོུད། ༡༢་༠༠།

༢༽ རེས་གཟའ་སྤེན་པའི་རྩེད་འགྲན།
ཨར་ཇེན་ཊི་ན་དང་འཇར་མ་ནི། རྒྱ་གར་གྱི་ཚོུད། ༧་༣༠།
ཨསེ་པིན་དང་པ་ར་གྷའི། རྒྱ་གར་གྱི་ཚོུད། ༡༢་༠༠།

5 comments:

  1. མི་རྐང་གླིང་བུ།June 30, 2010 at 10:03 PM

    ཨཕ་རི་ཀ་ལས་ཨ་ཧྥི་རི་ཀ་དོན་ལ་འབྱོར་ཆེ་བར་སེམས།
    མི་རྐང་གླིང་བུ།

    ReplyDelete
  2. གཤེན་རུ་མ།June 30, 2010 at 10:06 PM

    ཚིགས་བཅད་དེ་ཚོ་སྟབས་བདེ་བོ་བྲིས་འདུག

    ReplyDelete
  3. དབྱིན་ཡིག་གི་མིང་ཚིག་མང་པོ་ཞིག་སྔགས་ཡིག་ལྟར་བྲིས་ཀློག་ཐུབ་ན་བཟང་པོ་ཡོད་ས་རེད།

    ReplyDelete
  4. གྲོགས་པོ་ལགས། ཁྱེད་རང་གི་ང་ལ་Yahooཁ་བྱང་ཞིག་བསྐུར་ན་འགྲིག་གི་རེད་པས་? གང་ཡིན་ཟེར་ན་ང་ཁྱེད་རང་གི་དགེ་ཕྲུག་བྱེད་འདོད་འདུག

    ReplyDelete
  5. འགྲིག་གི་རེད། འོན་ཀྱང་ཕྱི་ཟླ་དགུ་བའི་བར་ང་རང་བྲེལ་བ་ཡོད། ངའི་ཁ་བྱང་ནི་tenphunpal@yahoo.com ཡིན།

    ReplyDelete

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།