2010-12-01

iPhone iTouch iPad སོགས་ཀྱི་ནང་བོད་ཡིག་འཇུག་ཚུལ།

ཁྱེད་རྣམ་པར་ iphone དང་ ipad་དང་ ipod touch སོགས་ཡོད་པ་ཡིན་ན། དེའི་ནང་གི་གཉེན་ཆས་དེ་ དེང་སང་གསར་དུ་འཐོན་པའི་གཉེན་ཆས་ ios 4.2.1 ཞེས་པ་དེ་དང་གོ་ས་བརྗེ་དགོས། གོ་ས་བརྗེ་སྟངས་ནི་ཁྱེད་ཀྱི་ipad ལྟ་བུ་དེ་གློག་གླད་ནང་གི་ iTUNE ཞེས་པའི་གཉེན་ཆས་འཐུད་རྗེས། iTune (iTune 10.1.0.56 ཡན་ཆད་དགོས་འདུག ) ནང་གི་DEVICES ཞེས་པའི་མིང་འོག་སོ་སོའི་iPad སྟེང་བསྣུན་ནས་Summary ཞེས་པའི་ནང་ཕེབས་ནས་ check for update འམ་ Install new vesion བསྣུན་ནས་ipad གྱི་གཉེན་ཆས་གསར་པ་བླུགས་གནང་དགོས་འདུག དེ་ལྟར་བླུགས་པའི་དུས་ཡུན་ནི་དྲ་མགྱོགས་ལོས་ལས་ཚོུད་དྲུག་ཡས་མན་འགོར་སྲིད།

དེ་ལྟར་གྲུབ་རྗེས་ཉིད་ཀྱི་iPad སྒོ་ཕྱེ་ནས་setting ནང་ཕེབས། དེ་ནས་ general ནང་ཕེབས། དེ་ནས་keyboad ནང་ཕེབས། དེ་ནས་ international keyboad ནང་ཕེབས། དེ་ནས་add new keyboad ནང་ཕེབས། དེ་ནས་tibetan ནང་ཕེབས་ནས་བོད་ཡིག་གི་ཐེབས་གཞོང་གསུམ་པོ་གང་ཡང་གཅིག་འདེམ་དགོས།

8 comments:

  1. འདྲ་དཔར་བཅས་གཟིགས་འདོད་ན་འདིར་ཕེབས། http://www.tibettimes.net/blogs.php?id=234&post_id=12972

    ReplyDelete
  2. རིག་པའི་གྲོགས་པོ་ལགས། སྐུ་ཁམས་བཟང་། དེ་རིང་ཁྱེད་ཀྱི་སྒེར་གཉེར་ཟིན་བྲིས་འདི་མཇལ་པས་ཡིད་རབ་ཏུ་སྤྲོ། ད་དུང་ཁྱེད་ཀྱི་ཟིན་བྲིས་བཟོ་བཀོད་འདིར་དྲ་རྒྱའི་བཟོ་བཀོད་དུ་བསྒྱུར་ཐུབ་ན་ཤིན་ཏུ་མཛེས་ཉམས་དོད་པོ་ཡོད་ས་རེད། དེའི་སྐོར་ཁོ་བོས་རོགས་རམ་དགོས་ཚེ་འབྲེལ་བ་གནང་དང་ཞབས་སུ་ཞུ་ཆོག དེ་སྔོན་ཨ་རིག་དགེ་མཐོང་ལགས་ཀྱི་ཟིན་བྲིས་དེ་ཁོ་བོས་བཟོ་བཀོད་བྱས་པ་ཡིན་པས་དེར་གཟིགས་ཙམ་གནང་རོགས།
    སྐུ་ཙེ་རིང་།
    བསོད་ནམས་འོད་ཟེར་གྱིས་གུས་འདུད་དང་བཅས་ཕུལ།

    ReplyDelete
  3. ཁོ་བོའི་ཟིན་བྲིས་དེ་སོ་སོས་ཚོད་ཚོད་བཟོས་པ་ཞིག་ཡིན་སྟབས་ཧ་ཅང་ལེགས་པོ་གང་ཡང་མེད། ད་དུང་template དེ་ནི་གཞན་ནས་བཤུས་པ་ཡིན་སྟབས་བློ་ངོར་འཆར་བ་བཞིན་དུ་སྒྲིག་མ་ཐུབ། ཉིད་ནས་རོགས་རམ་གནང་ན་དགའ་བསུ་ཞུ། ཨ་རིག་དགེ་མཐོང་དྲ་ཚིག་དེ་དཔེ་ཡག་པོ་བཟོས་གནང་འདུག. ཡིན་ཡང་ཁོ་བོ་བདུན་ཕྲག་གཉིས་རིང་བྲེལ་བ་ཤིན་ཏུ་ཆེ་བས་དེ་གྲུབ་མཚམས་ཉིད་ལ་རོགས་རམ་ཞུ་རྒྱུ་ཡིན།. ཐུགས་རྗེ་ཆེ། གྲོགས་པོ་ལགས།

    ReplyDelete
  4. iPhone གོང་ཆེ་ནའང་བོད་ཡིག་བདེ་བླག་དཔྱད་ཐུབ། འོ་རེད། iPod touch ཟེར་བ་དེ་ཉོ་ན་གོང་ཁེ་པོ་དང་ཅ་ལག་ཡག་པའི་ཁར་བོད་ཡིག་ཀྱང་བདེ་བླག་སྤྱད་ཐུབ། འོན་ཀྱང་དྲ་རྒྱ་འཐེན་པར་སོ་སོའི་ནང་དུ་དྲ་འདྲེན་དགོས། གྷོ་གྷོལ་གྱིས་ Android ཟེར་བའི་ཁ་པར་གཉེན་ཆས་དེའི་ནང་བོད་ཡིག་ཡོད་ཟེར་ནའང་ད་ལྟའི་བར་གྲུབ་འབྲས་ཁ་གསལ་མེད། ཉིད་ལ་དངུལ་ཡོད་ན། ཁ་པར་Iphone་དང་། ཁ་པར་དང་དཔར་ཆས་ཀྱི་ཆ་རྐྱེན་མེད་ཀྱང་གཞན་ཚང་བ། iPod touch དང་། གློག་ཀླད་ལྟར་བེད་སྤྱད་ཆོག་པ་itouch ཉོས་དང་། དཔེ་ཡག་པོ་ཡོད། དེ་ཚོ་ལྷག་པར་དུ་ཨ་མི་རི་ཀ་ལ་གོང་ཁེ། ཁ་པར་iphone ཕྱི་རྒྱལ་ནས་ནང་འདྲེན་བྱས་རྗེས་འགའ་ཤས་ལ་unlock སྒོ་ཕྱེ་དགོས། སྒོ་ཕྱེ་གླ་ཁེ་པོ་ཞེ་དྲག་རེད། གོང་ཚད་ནི། iphone ཁ་པར་གསར་ཨང་བཞི་པ་ཅན་ལ། ཨ་སྒོར་༦༠༠ ནས་༧༠༠ བར། iPAd ལ་ཁོག་པ་ཆེ་ལོས་དང་3Gདྲ་འདྲེན་ཡོད་མེད་ལས། ཨ་སྒོར་༥༠༠ ནས་༨༠༠ བར། iPod touch ལ་ཁོག་པ་ཆེ་ལོས་ལས། ཨ་སྒོར་༢༠༠་ནས་༣༠༠་བར་རེད།

    ReplyDelete
  5. གྲོགས་པོ་གཉིས་ཁམས་བཟང་ཁྱེད་རྣམ་གཉིས་ཀྱིས་གུས་པའི་དྲ་བ་འདི་ལ་ཡང་གཟིགས་ཙམ་ཞིག་གནང་ནས་སློབ་སྟོན་ཞིག་གནང་དང་།

    ReplyDelete
  6. http://gendun2010.blogspot.com/
    ཁ་བྱང་འདི་ཡིན།

    ReplyDelete
  7. དགེ་འདུན་རྒྱ་མཚཽ་ལགས། ཉིད་ཀྱི་ཟིན་བྲིས་འཇལ་བྱུང་། ཡག་པོ་འདུག ལྷག་པར་དུ་ཀློག་བདེ་པོ་་འདུག་པས་ཡིད་རབ་འཕྲོག

    ReplyDelete
  8. བཀུར་འོས་དྲ་བདག་ལགས།

    ཁྱེད་ཀྱི་དྲ་ཚིགས་འདི་བཞིན་བོད་མིའི་སྤྱི་ཚོགས་སུ་དགའ་བསུ་ཐོབ་བཞིན་ཡོད་པ་ནི་མཚམས་འདྲི་ཞུ་འོས་ལགས། འདིར་གུས་པ་ནི་ www.sonamawa.com ཞེས་པའི་མིང་བྱང་འོག་གློག་ཀླད་དང་ཁ་པར་། མཉེན་ཆས་དང་། དྲི་བ་དྲིས་ལན་སྐོར་གྱིས་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་ལ། ལས་ཞོར་དང་དུས་ཚོད་སྟོང་པའི་ནང་དྲ་ཚིགས་ཇུས་འགོད་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱི་ཟིན་བྲིས་དྲ་བ་དེ་ཚད་ལྡན་གྱི་དྲ་ཚིགས་ཤིག་ཏུ་བསྒྱུར་འདོད་ན། གུས་པས་རིན་གོང་མཁེ་པོའི་ཐོག་ཞབས་ཞུ་ཡོད།

    གུས་པའི་བཟོ་བཀོད་བྱས་པའི་ལས་ཀར་གཟིགས་ན། http://design.sonamdawa.com

    འབྲེལ་བ་བྱེད་ས། iphoeniz@gmail.com
    ཁ་པར་ཨང་། +91 9805941078

    ReplyDelete

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།