2011-01-12

ཐོག་རྩེག་བཞི་པ། སྐྱ་རེངས། མཚན་གང་ཡི་གེ་བྲིས་ནས་བསྐྱལ།

ཨེ་ལེན་གྷིན་སེ་བྷྲག་གིས་བརྩམས། ར་ས་ཕོ་ཉས་བསྒྱུར།

སུམ་མདོའི་སྟེང་གི་ངའི་ལྒེའུ་ཁུང་གི་ཕྱི་རོལ་དུ་ཕུག་རོན་ཚོས་ཡི་ཤུའི་ཆོས་ཁང་གི་ཟངས་ཀྱི་ཐོག་ཁེབས་ལྒང་གཤོག་པ་འདབ་འདབ་བྱེད།
བྱ་ཞིག་གིས་ཀུ་རུ་ཁའི་སྟེང་འབབ་ནས་རྒྱལ་སའི་སྔོ་སྐྱའི་ཆུ་འཛིན་ལ་བརྟག་ཞིབ་བྱེད།

ལ་རི་་རི་ཝརསེ་larry rivers ཡིས་སྔ་དྲོ་ཚོུད་༡༠ པར་སླེབས་ནས་ངའི་འདྲ་བརྙན་འཁྱེར་འགྲོ

ངས་ཁྱེད་ཀྱི་འདྲ་བརྙན་འཁྱེར་འགྲོ ཕོག་རོན་ལགས།
ངས་ཁྱོད་འདིར་བྲི་ཡི་ཡོད། སྐྱ་རེངས་ལགས།
ངས་ཁྱེད་ཀྱི་དུ་ཁུང་བརྟན་པོ་བཟོ་ཡི་ཡོད། གཞུང་ལམ་གྱི་འགྲུལ་འཁོར་ལགས།

ཨོ་ཧོ་སོམས་དང་། ད་ཁྱེད་ཀྱིས་རྟག་ཏུ་དེ་མཚུངས་གཅིག་གི་སྟེང་སེམས་དགོས།

1 comment:

  1. ལ་རི་་རི་ཝརསེ་larry rivers ནི་༡༩༢༣་ནས་༢༠༠༢ བར་འཚོ་བའི་ཨ་མི་རི་ཀའི་རི་མོ་ལ་སོགས་པའི་སྒྱུ་རྩལ་མཁས་པ་ཞིག

    ReplyDelete

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།