2011-10-11

རྐང་སྤོལ་གཞས།

གཞས་ཚིག ར་ས་ཕོ་ཉ།

སོ་ཡ། གཅིག་གཉིས་གསུམ།
རྩེད་མོ་བ་ཚང་མ་རྒྱུགས་ཤར་གློད།

སྔོ་ལྗང་གི་སྤང་གི་སྟེང་ལ།
ཡིད་འོང་གི་སྤོ་ལོ་གཅིག་པུ།
ཕན་ཚུན་དུ་འཕྲོག་རེ་བྱས་པའི།
རྐང་སྤོལ་གྱི་རྩེད་མོ་སྐྱིད་པ།

ལྟད་མོ་བ་ཚང་མས་ཐལ་མོ་འརྡབ།
རང་རང་དགའ་མོས་ཀྱི་ཕྱོགས་ལ་འབོད།
སྤོ་ལོ་ཐེངས་གཅིག་སྒོ་ནང་བླུགས་པའི་རེ་བ་བྱས།



སོ་ཡ། གཅིག་གཉིས་གསུམ།
སྒོ་ར་བས་སྟག་རྒོད་བཞིན་དུ་འཆོང་།

ཉེན་སྲུང་གི་བློ་རྩ་བརྟན་པའི།
སྒོ་ར་བའི་སྤོ་ལོ་གཟུང་ཕྱིར།
རང་ལུས་ལ་འཕང་སེམས་པར།
འཆོང་ཐེངས་ལ་སྤོ་ལོ་བཟུང་སོང་།

ལྟད་མོ་བ་ཚང་མས་ཐལ་མོ་འརྡབ།
རང་རང་དགའ་མོས་ཀྱི་ཕྱོགས་ལ་འབོད།
སྒོ་ར་བས་སྤོ་ལོ་བཀག་པའི་རེ་བ་བྱས།

སོ་ཡ། གཅིག་གཉིས་གསུམ།
ཁོང་གིས་ཡིད་ཆེས་ཀྱི་གསེབ་ནས་སྤོ་ལོ་བླུགས་སོང་།

ཕུལ་བྱུང་གི་རྩེད་འགྲན་པ་དག་གིས།
རྐང་སྤོལ་གྱི་སྒྱུ་རྩལ་ལམ་ནས།
སྤོ་ལོ་དེ་ཕན་ཚུན་སྤྲད་ནས།
སྒོ་ནང་དུ་ཟུར་ནས་བླུགས་སོང་།

ལྟད་མོ་བ་ཚང་མས་ཐལ་མོ་འརྡབ།
རང་རང་དགའ་མོས་ཀྱི་ཕྱོགས་ལ་འབོད།
སྤོ་ལོ་གཅིག་བླུགས་པའི་ཀི་བསོ་འཐེན།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།