Showing posts with label བསྒྱུར་རྩོམ།. Show all posts
Showing posts with label བསྒྱུར་རྩོམ།. Show all posts

2011-12-04

འཚོལ།

འཚོལ་བཞིན། འཚོལ་བཞིན། ང་གཉིས་མ་གཏོགས་པ་་་ སུས་ཀྱང་མི་ཤེས་པའི་ཆེད་དུ་་ ཁྱོད་ཀྱི་ལམ་བུ་འཚོལ་ཞིག་་ མཚན་མོའི་བྱིའུ་་་་། རྒྱ་མཚོ། དང་ང་། མཐོ་སར་བལྟས། རྭ་བའི་སྒང་དང་། གྲུའི་དར་ལྕོག་གི་སྒང་གི་་ ནམ་མཁར་དམིགས་ཡུལ་འཚོལ། ཅིའི་ཕྱིར་་་། དེས་ང་རང་ཁེར་རྐྱང་དུ་་ ཁྱེད་རང་འཚོལ་མཁན་དེ་འཚོལ་བར་བྱེད་པའི་ སྤྲིན་གྱིས་འཁྲིགས་པའི་ནམ་མཁར་བརླགས། ཡང་ན། བུམ་པ་གཅིག་འདས་པས་་ མཚོན་སྔོན་པོ་གྱུར་རམ། ངས་ཤེས་མ་སོང་། འོ་ཛི། ངས་རང་བྱུང་དང་ང་ཚོ་་་ ཐ་དད་དུ་སེམས་པ་བཞིན་དུ་་་ ཉི་མ་དང་ཟླ་བས་་་ མཁའ་དབྱིངས་སུ་དཀོན་མཆོག་འཚོལ་བ་བཀོད་སྒྲིག་བྱས་་་ ང་ཚོས་གཞས་དང་གྲོ་འཁྲབ། བདེ་སྐྱིད། ནམ་མཁར་ཁེར་རྐྱང་དུ་བྱ་ཡིས་འཕུར་བཞིན་་ ངས་་་་་་བར་དུ་་། རྟག་ཏུ་ཡར་འདྲེན་བྱེད་པ་འཚོལ། ང་ངུ་བའི་བར་དུ། ངུ། དཱ་་་གཞན་གྱི་མཐར་ཐུག་གི་བདེ་བར་འབོད་པ་དེ་ལས་ རྒྱང་རིང་དུ་འཕུར་ཤིག དཱ་་ནམ་མཁའ་ལ་གཅིག་པུར་བལྟས་ནས་ངུ་ཞིག དེར་ཁྱོད་དང་ང་ལྷན་དུ་ཁུ་སིམ་མེར་འཆི་ངེས། གསོལ་བ་འདེབས། གསོལ་བ་འདེབས། གསོལ་བ་འདེབས། དམ་པ། དམ་པ། དམ་པ། ཁྲ་ཚོམ་ཚོམ་གྱི་སྟོང་གསུམ་དང་། དངུལ་མདངས་ཅན་གྱི་གངས་རི། རྒྱུད་སྐར་གྱི་མཛེས་རྒྱན་བརྒྱུད་ དུས་ཚོད་སྒྲིམ་ཞིང་། ང་ཚོ་འཁོར། ང་དང་ནམ་མཁའ་གཉིས་ཆ་ཁེར་རྐྱང་དུ་མེད། ངེད་ཅག་ལ་དཀོན་མཆོག་རྙེད་སོང་། ག་པར་ཡིན་ནའང་། ནམ་མཁའ་ནི་ཁེར་རྐྱང་དུ་ཡུན་རིང་མེད། ང་ཚོ་ནི་གཅིག་ཡིན། ང་ཚོ་ནི་ཆོས་ཐམས་ཅད་དང་གཅིག་ཏུ་ཡོད། ངེད་ཅག་ལ་བདེ་བ་དང་ལྷན་དུ་་ འཚོ་བ་དང་གཅེས་སུ་འཇུག་རོགས་ བདེ་སྐྱིད་ཀྱི་མཐའ་མར། ཞི་བདེར་ ཞི་འཇམ་གྱི་མཇུག་ཏུ་་ བསྟོད་བསྔགས་ཀྱི་ མཐར་ཐུག་གི་སྨོན་ལམ་དུ་ དེ་ལྟར་རོ།། ༢༠༡༡ ལོའི་ཟླ་བ་༡༡ པའི་ཚེས་༢༤ ཞོགས་པ་པུ་ནའི་གནམ་ཐང་དུ་བསྒྱུར་འཕྲོར་ལུས་པ་ཟླ་བ་༡༢ ཚེས་༡ ཉིན་ལྡི་ལི་གནམ་ཐང་དུ་རྫོགས་པར་བྱས།

2011-01-12

ཐོག་རྩེག་བཞི་པ། སྐྱ་རེངས། མཚན་གང་ཡི་གེ་བྲིས་ནས་བསྐྱལ།

ཨེ་ལེན་གྷིན་སེ་བྷྲག་གིས་བརྩམས། ར་ས་ཕོ་ཉས་བསྒྱུར།

སུམ་མདོའི་སྟེང་གི་ངའི་ལྒེའུ་ཁུང་གི་ཕྱི་རོལ་དུ་ཕུག་རོན་ཚོས་ཡི་ཤུའི་ཆོས་ཁང་གི་ཟངས་ཀྱི་ཐོག་ཁེབས་ལྒང་གཤོག་པ་འདབ་འདབ་བྱེད།
བྱ་ཞིག་གིས་ཀུ་རུ་ཁའི་སྟེང་འབབ་ནས་རྒྱལ་སའི་སྔོ་སྐྱའི་ཆུ་འཛིན་ལ་བརྟག་ཞིབ་བྱེད།

ལ་རི་་རི་ཝརསེ་larry rivers ཡིས་སྔ་དྲོ་ཚོུད་༡༠ པར་སླེབས་ནས་ངའི་འདྲ་བརྙན་འཁྱེར་འགྲོ

ངས་ཁྱེད་ཀྱི་འདྲ་བརྙན་འཁྱེར་འགྲོ ཕོག་རོན་ལགས།
ངས་ཁྱོད་འདིར་བྲི་ཡི་ཡོད། སྐྱ་རེངས་ལགས།
ངས་ཁྱེད་ཀྱི་དུ་ཁུང་བརྟན་པོ་བཟོ་ཡི་ཡོད། གཞུང་ལམ་གྱི་འགྲུལ་འཁོར་ལགས།

ཨོ་ཧོ་སོམས་དང་། ད་ཁྱེད་ཀྱིས་རྟག་ཏུ་དེ་མཚུངས་གཅིག་གི་སྟེང་སེམས་དགོས།

2010-05-14

གླུ་ཡི་མཆོད་པ། ༤༽

ངའི་ཚེ་སྲོག་གི་ཚེ་སྲོག་ལགས།


ངས་རྒྱུན་དུ་རང་གི་ལུས་པོ་དྭངས་གཙང་དུ་ཉར་ཐབས་བྱེད་པར་ཤེས་པས། ངའི་ཡན་ལག་ཐམས་ཅད་ཀྱི་སྟེང་དུ་རང་གི་གསོན་ཤུགས་ཀྱིས་རེག་པར་བྱེད།

ངས་རྒྱུན་ལྡན་དུ་རྫུན་པའི་ཆོས་ཀུན་རང་གི་བསམ་ངོ་ལས་ཕྱི་རོལ་དུ་སྤྱུགས་ཐབས་བྱེད་པར་ཤེས་པས། ཁྱེད་ཀྱིས་ངའི་སེམས་ནང་དྲང་བདེན་གྱི་འབྲས་བུའི་འོད་ཟེར་བྲིས་པར་བྱེད།

ངས་རྒྱུན་ལྡན་དུ་སྙིང་ཁོངས་སུ་སྡུག་འདྲེ་དག་ཕུད་ནས་བརྩེ་དུང་གི་མེ་ཏོག་འཇོག་ཐབས་བྱེད་པར་ཤེས་པས། ཁྱོད་ཀྱིས་རིངས་པར་ངའི་སྙིང་གི་མཆོད་རྟེན་གྱི་སྦུག་ཏུ་རྐུབ་སྟེགས་སྟེང་བཞུགས།

འདི་ནི་ངས་ཁྱེད་ཉིད་ངའི་སྤྱོད་པའི་ནང་དུ་ཞུགས་པར་འབད་བརྩོན་བྱེད་པར་ཤེས་པས་ནི། ངའི་སྤྱོད་པ་ལ་ཁྱོད་ཀྱི་ནུས་པས་སྟོབས་ཤུགས་བསྐྲུན་པ་ཡིན།

2010-05-13

གླུ་ཡི་མཆོད་པ། ༣

ང་ཡི་བདག་པོ་ལགས།
ཇི་ལྟར་ཁྱེད་ཀྱིས་གླུ་དབྱངས་མི་ལེན་པའི་ཚུལ་ཁོ་བོས་ཤེས།
ངས་རྒྱུན་དུ་འཇམ་ཐིང་ཐིང་གི་ངོ་མཚར་ལ་ཉན།
ཁྱེད་ཀྱི་རོལ་དབྱངས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གསལ་བར་བྱེད།
ཁྱེད་ཀྱི་རོལ་དབྱངས་ཀྱི་ཚེ་སྲོག་གི་དབུགས་ཀྱིས་མཁའ་ནས་མཁའི་བར་རྒྱུ་བར་བྱེད།
ཁྱེད་ཀྱི་རོལ་དབྱངས་ཀྱི་དམ་པའི་གཙང་ཆུས་བར་ཆད་ཀྱི་རྡོ་ཧྲུག་དང་ཚང་ཚིང་གཏོར་བར་བྱེད།
ཁོ་བོ་སྙིང་གིས་ནི་ཁྱེད་ཀྱི་གླུ་དབྱངས་ལ་བསྐལ། འོན་ཀྱང་།
སྐད་གཅིག་ཙམ་རྒྱག་པར་དོན་མེད་དུ་འབད།
ཁོ་བོས་སྐད་ཞིག་རྒྱབ། ཡིན་ནའང་།
སྐད་ཀྱིས་གླུ་དབྱངས་གཏོར་མི་ཐུབ་པས།
ཁོ་བོས་ངུ་སྐད་ཀྱིས་ཕམ་ཉེས་ཕྱི་རོལ་དུ་བཤོས།
ཀྱི་ཧུད། ཁྱེད་ཀྱིས།
རྫོགས་མཐའ་མེད་པའི་ཁྱེད་ཀྱི་རོལ་དབྱངས་ཀྱི་དྲ་བའི་ནང་།
ཁོ་བོའི་སྙིང་ཁམས་བཙོན་དུ་བདེ་བླག་བཟུང་།
ང་ཡི་བདག་པོ་ལགས།

མནལ་ལམ་ནང་གི་མུན་ལམ།

དབྱིན་ཡིག་ལས་བསྒྱུར།

ངས་མནལ་ལམ་གྱི་མུན་ནག་འཐིབ་པའི་གཞུང་ལམ་དུ་ཚེ་སྔོན་གི་དགའ་མ་འཚོལ་བར་སོང༌། མོའི་ཁྱིམ་ནི་འཇམ་སྡིང་སྡིང་གི་ལམ་མཇུག་དེར་འགྲེང་འདུག། ས་གསོས་ཀྱི་རླུང་བུའི་ཁྲོད་མོའི་རྨ་བྱ་སྤོ་མཐོའི་སྟེང་གཉིད་དུ་ཡུར་བར་བརྩོན་ཞིང་ཕུག་རོན་རྣམས་གྲུ་ཟུར་ཞིག་ཏུ་ལྷིང་འཇགས་ངང་གནས།
མོས་གཞུང་སྒོའི་འོག་ཏུ་བཞུ་མར་བཞག་ནས་ང་ཡི་མདུན་དུ་ལངས། མོས་ངའི་གདོང་པའི་སྟེང་མིག་ཆེན་པོར་སྡང་ནས་བལྟས་རྗེས་སྐད་མེད་པའི་ངང་༼ངའི་གྲོགས་པོ་ཁྱེད་རང་བདེ་པོ་ཡིན་ནམ།༽ཞེས་དྲིས། ངས་ལན་འདེབས་ཤིག་བྱེད་འདོད་ཀྱང་ང་གཉིས་ཀྱི་སྐད་ཆ་ཚང་མ་བརྗེད་ནས་བརླག་ཟིན་འདུག
ངས་ཇི་ཙམ་བསམ་ཀྱང་ང་གཉིས་ཀྱི་མིང་སེམས་པའི་ནང་ཡོང་གི་མི་འདུག། མོའི་མིག་ནང་མཆི་མའི་འོད་ཟེར་འཕྲོས། མོས་རང་གི་ལག་པ་གཡས་པ་ངའི་སར་བཀྱག་ཡོང༌། ངས་ལག་པ་དེ་བཟུང་ནས་ལངས་བསྡད། ང་གཉིས་ཀྱི་བཞུ་མར་དེ་དལ་རླུང་འཕྲོས་ལྷམ་མེ་ལྷམ་མེ་བྱས་ནས་ཤི་སོང༌།།

གླུ་ཡི་མཆོད་པ། ༢

ངའི་སྙིང་གི་ཁེངས་པ་ཆགས་པ་དང་མཚུངས་པའི་གཞས་ཞིག་གཏོང་པར་ཁྱེད་ཀྱིས་གསུངས་པ་ན། ངས་ཁྱེད་ཀྱི་བཞིན་རས་ལ་བལྟ་བཞིན་མིག་ལ་འཆི་མས་འཁོར།

དེ་ཀུན་ནི་ཡིད་འོང་གི་མཛའ་བོར་འཐིམ་བཞིན་པའི་ངའི་མི་ཚེའི་ནང་འདུག་རྩུབ་དང་ཞེ་འཁོན་ཡིན།
ངའི་དགའ་དད་ཀྱི་སྤྲོ་སྣང་ནི་ཆུ་གཏེར་གྱི་ངོགས་སུ་བདེ་སྐྱིད་ལྡན་པའི་བྱ་ཡི་གཤོག་པ་ལྟར་འཕེལ་བར་བྱས།

ཁྱེད་ཀྱིས་ངའི་གླུ་དབྱངས་ལས་བདེ་སྐྱིད་ཀྱི་ཚོར་བ་ཐོབ་བར་ཁོ་བོས་ཤེས།
དེ་ཡང་དང་ཐོག་ཁྱེད་ཀྱི་མདུན་སར་ཁོ་བོས་གླུ་མཁན་ཞིག་བྱས་པ་ཙམ་ལས་ཤེས།

ཐག་རིང་དུ་ཁྱབ་བཞིན་པའི་ཁོ་བོའི་གླུ་དབྱངས་ཀྱི་གཤོག་པས་ཁོ་བོས་ཡེ་ནས་དོན་དུ་གཉེར་པར་མི་ནུས་པའི་ཁྱེད་ཀྱི་ཞབས་དག་ལ་རེག

གླུ་དབྱངས་ཀྱི་དགའ་བདེས་བཟིར་བས་ཁོ་བོས་རང་ཉིད་ཀྱང་བརྗེད་ཞིང་། ཁྱེད་ལ་དཀོན་མཆོག་གི་སྒྱུ་རྩལ་བྱེད་པོ་སུ་ཡིན་བྲིས།

གླུ་ཡི་མཆོད་པ། ༡

ཁྱེད་ཀྱིས་བདེ་བླག་ཁོ་བོ་རྫོགས་མཐའ་མེད་པ་བྱས།
དེ་འདྲ་ནི་ཁྱེད་ཀྱི་དགའ་བ་ཡིན།

མི་བརྟན་པའི་བུམ་པ་དེས་ཁྱེད་ཡང་ཡང་སྟོང་པར་བྱེད་ཅིང་།
རྒྱུན་དུ་རྗེན་པའི་ཚེ་སྲོག་གིས་འགེངས་པར་བྱེད།

འདམ་རྩའི་གླིང་བུ་ཆུང་ཆུང་འདི་ཁྱེད་ཀྱིས་རི་ཀླུང་ཁྲོད་བྲེལ་འཚུབ་ཀྱིས་ཁྱེར་ཞིང་།
འདིའི་རྒྱུན་ཆད་མེད་པའི་དབྱངས་གསར་བརྒྱུད།
མྱུར་བར་དབུགས་འབྱུང་རྔུབ་ཀྱི་རྒྱུ་བ་ལན།

འགྱུར་བ་མེད་པའི་ཁྱེད་ཀྱི་ཕྱག་གིས་རེག་པའི་དུས།
དགའ་བདེ་དང་བརྗོད་བྲལ་གྱི་སྒྲ་དབྱངས་འཁྲུངས་པ་ལ།
ཁོ་བོའི་སྙིང་ཆུང་གི་འཕར་ལྡིང་གི་ཚད་བཀག་ཤོར།

ཁོ་བོའི་སྙིམ་པ་ཆུང་ཆུང་དེའི་ནང་།
མཐའ་ཡས་པའི་བསྐྱེད་ཀྱིས་འབྱོར།

ལོ་ཟླ་འདས་ཤིང་། ད་དུང་ཁྱེད་ཀྱིས་བྱིན།
ད་དུང་། དེ་ན་ཁང་ཆུང་བཀང་རྒྱུ་མཆིས།