2012-06-19
ཁྱེད་ཀྱི་ཨེན་ཌོའི་ཌེ་ཁ་པར་གྱི་མེ་སྲུང་སྐྱོབ་བྱེད་ཐབས།
དེང་གི་ཆར་ཁྱེད་ཀྱིས་ཨེན་ཌོའི་ཌེ་Android ཁ་པར་ཡིད་དུ་འོང་བ་ཞིག་ཁྱེར་གྱི་ཡོད་རུང་། ཉིན་ལྟར་གློག་གམ་མེ་གསོག་དགོས་པས་དབང་གིས་ ཅུང་ཟད་བསུན་པོ་ཡོད་པ་ཡིན་ནམ། མེ་ཡི་འདང་གཤེད་མེད་པ་དེ་ནི་གྷོ་གྷོལ་མཉེན་ཆས་ཅན་གྱི་ཁ་པར་དེ་ཚོའི་སྐྱོན་ཆ་ཆེ་ཤོས་དེ་ཡིན། དེ་འདྲ་སོང་ ཙང་། གཤམ་དུ་ཉིད་ཀྱི་ཨེན་ཌོའི་ཌེ་ཁ་པར་གྱི་མེ་ཅུང་ཟད་འགྲོན་ཆུང་ཡོང་ཆད་ལམ་སྟོན་གྱི་རིམ་པ་འགའ་བཀོད་ཡོད།
༡ སྐུད་མེད་བརྡ་ལམ་རྣམས་བཀག་ནས་འཇོག བྷུ་ལུ་ཊུཐ་Bluetooth (སོ་སྔོན།) དང་། ཝཡེ་ཧྥེ་WiFi (ཉེ་འཁོར་སྐུད་མེད་རྒྱུད་ལམ།) སོགས་བེད་སྤྱོད་མི་བྱེད་པའི་དུས་བཀག་ནས་འཇོག་ལ། ལྷག་ པར་དུ་ལྗི་གསུམ་3G (ཁ་པར་རྒྱུད་ལམ་མགྱོགས་པ་ཞིག)རྒྱུད་ལམ་དེ་བཀག་ནས་བཞག་དགོས། གང་ཡིན་ཟེར་ན། ལྗི་གསུམ་རྒྱུད་ལམ་མེད་པར་དེ་སྒོ་ ཕྱེ་ནས་བཞག་པ་ཡིན་ན་དུས་ཚོད་སྐར་ཆ་རེ་རེ་ནས་ཁ་པར་གྱི་ལྗི་གསུམ་བཙལ་ནས་བསྡད་པས་གློག་གམ་མེ་མང་པོ་ཟ་བ་ཡིན།
༢ ངོ་ཤེལ་གྱི་འོད་མདངས་ཆུང་ངུར་འཇོག དུས་རྒྱུན་ཁ་པར་གྱི་མེ་འགྲོན་ཆུང་བྱེད་དུས་ཁ་པར་གྱི་ངོ་ཤེལ་གྱི་འོད་མདངས་བརྒྱ་ཆ་༣༠ ནས་ ༤༠ བར་འཇོག་གི་ཡོད།
༣ རེམ་RAMགཙང་མ་བཟོ་བ། ཁ་པར་ནང་དུ་དང་ཐོག་ནས་ཡོད་པའི་ཊསེ་་མན་ནེ་འཇར་task manager (བྱ་བའི་སྟངས་འཛིན་པ།) མཉེན་ཆས་སྤྱད་ནས་རེམ་རྒྱུན་དུ་གཙང་མ་ བཟོ་དགོས། གལ་ཏེ་དེ་ལྟ་བུའི་མཉེན་ཆས་ཁ་པར་ནང་མེད་ན་གྷོ་གྷོལ་ཁྲོམ་ར་google play store ནས་(Advance Task Manager) ཟེར་བ་ སོགས་ནས་མཉེན་ཆས་ཕབ་ལེན་བྱོས།
༤ ཁ་པར་གྱི་གྱང་རིས་ Wallpaper རྣམས་ཚོན་མདོག་ནག་པོ་འཇོག ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་། ཁ་པར་ནང་གྱང་རིས་དང་ལྗོངས་རིས་Themeརྣམས་ཚོན་མདོག་ནག་པོ་ཅན་གྱིས་མེ་བེད་སྤྱོད་ཉུང་བ་བྱེད་པ་ཡིན། ལྷག་པར་དུ་ཨེ་མོ་ལེཌེ་AMOLED རང་བཞིན་གྱི་ངོ་ཤེལ་ཅན་གྱི་ཁ་པར་དེ་ཚོའི་ནང་དེ་ལྟར་འོང་བ་ཡིན། ༼སེམ་སུང་་གྷེ་ལེཀ་སེ་ཨེསེ་Samsung Galaxy S རིགས་རྣམས་ངོ་ཤེལ་ཨེ་མོ་ལེཌེ་ཡིན།༽
༥ ཁ་པར་ནང་གི་(sync)གསར་བརྗེའི་བྱ་བ་རྣམས་འགོག་པ། ཁ་པར་ནང་དུ་ཡང་ཡང་གསར་བརྗེའི་བྱེད་རྒྱུ་མི་འགོག་པ་ཡིན་ན། སྐར་མ་བཅུ་ལྔའི་མཚམས་སུ་ཁ་པར་གྱིས་གློག་འཕྲིན་emailགསར་པ་ཡོད་མེད་ བརྟག་པ་དང་། ཊི་ཝི་ཊར་twitter དང་ ངོ་དེབ་Facebook སོགས་ལ་མཆན་དང་ཏིང་འགུལ་གང་ཡོད་བརྟག་པས་ཁ་པར་གྱི་མེ་མགྱོགས་པོར་ཟ་ འགྲོ་བ་ཡིན། དེས་ན། རང་གི་ལས་ཀར་དཔག་ནས་གློག་འཕྲིན་སོགས་གསར་བརྗེའི་རིགས་སྒོ་བརྒྱབ་པའམ། ཡང་ན་ཉིན་རེར་ཐེངས་རེ་བརྟག་པའམ། ཚོུད་གསུམ་རེའི་བརྟག་པ་སོགས་བསྒྲིགས་ནས་འཇོག
༦ མཉེན་ཆས་རྣམས་ཉོ་དགོས། རིན་མེད་མཉེན་ཆས་མཉམ་སྦྱར་གྱི་ཁྱབ་བསྒྲགས་དེ་ཚོས་ཁ་པར་གྱི་མེ་ཤུགས་ཆེན་པོ་ཟ་བ་ཡིན།
༧ མེ་བེད་སྤྱོད་ཇི་ཙམ་བྱེད་ཡོད་མེད་བརྟག ཁ་པར་གྱི་སྒྲིག་སྦྱོར་གྱི་ནང་དུ་སོང་ནས་མཉེན་གང་གིས་ཁ་པར་གྱི་མེ་མང་ཤོས་ཟ་བཞིན་པ་དེ་བཙལ་ནས། མཉེན་ཆས་དེ་ཁ་པར་ནས་ཕྱི་ལ་བཏོན་ དགོས།
༨ ཁོར་ཡུག་གྲང་སར་འཇོག ཁྱེད་ཀྱི་མོ་ཊའི་མདུན་གཞོང་ལྟ་བུ་ཁོར་ཡུག་ཚ་སར་ཁ་པར་བཞག་ན་མེ་རྫོགས་མགྱོགས་པ་ཡིན་པས། རྟག་ཏུ་ཉི་འོད་སོགས་ཚ་དྲོད་ཆེ་སར་ཁ་པར་ འཇོག་རྒྱུ་མེད།
2011-07-08
མེ་ཏོག་འགའི་མིང་།
1 སྐལ་བཟང་མེ་ཏོག Aster
2 ཧེ་དར། geranium
3 གུར་གུམ། Mary Gold
4 སྟག་མ། Rhododendron
5 ཤོག་བུ་མེ་ཏོག Corn Flower
6 དྲེས་མ། Lily
7 རྒྱ་སེ། Rose
8 ཧོ་སྤྲིན། Hydrangea
9 ཡང་བྱུན། Dahlia
མཆན། གུར་གུམ་མེ་ཏོག་གི་མིང་དེ་ནོར་བ་འདྲ། གུར་གུམ་ལ་calendula དང་། སེར་ཆེན་ལ། mari gold ཡིན་སྙམ།
2011-03-24
ཧོ་ལི། རྒྱ་གར་གྱི་ཧིན་དྷུའི་དུས་ཆེན་ཞིག
ཁ་སང་དེ་རིང་ནི་རྒྱ་གར་བྱང་བརྒྱུད་གཙོ་བྱས་པའི་རྒྱ་གར་གྱི་གྲོང་པ་གྲོང་ཁྱེར་གང་སར་ཧོ་ལིའི་དུས་སྟོན་འཚོགས་ནས་ལམ་ཁར་བསྐྱོད་པའི་མི་ཚོར་ཚོན་བཀྲ་བསྐུས་པར་བྱེད་པ་མཐོང་བས། ཁོ་བོ་གཙོས་པའི་བོད་མི་མང་པོ་ཞིག་ལ་ཧོ་ལི་ཟེར་བ་དེ་ག་རེ་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་ཡོད་པ་གོར་མ་ཆག དེས་ན་ཁོ་བོས་ཧོ་ལིའི་སྐོར་གྱི་ཡི་གེ་ཏོག་ཙམ་བལྟས་པ་ལས་དེའི་སྐོར་མདོ་ཙམ་འབྲི་བ་ལ། ཧོ་ལིའི་དུས་སྟོན་གྱི་རྣམ་པ་ནི་ཁོ་བའི་བླངས་པའི་འདྲ་དཔར་ནང་གསལ་ལྟར། ཚོན་ཁྲ་བླུགས་པའི་ཆུ་དང་རྒུ་ལླ་gulalཞེས་པའི་རང་བྱུང་གི་ཚོན་ཁྲའི་ཕྱེ་མ་དག་གིས་མི་ལ་གཏོར་བར་བྱེད་ཅིང་། དེའི་ཉིན་གྱི་སྔ་དགོང་དུ་ཆོས་ཕྱོགས་ཀྱི་ཆོ་ག་དེ་འདྲ་འདོན་པ་དང་མེ་བཏང་བ་ཡང་བྱེད་ཀྱི་འདུག དུས་སྟོན་དེ་ནི་ཕལ་ཆེར་ལོ་ལྟར་སྤྱི་ཟླ་གསུམ་པའི་འགོ་སྟོད་དུ་འཁེལ་གྱི་ཡོད་ལ་མི་མང་ཚོས་བཀྲག་མདངས་ལྡན་པའི་ཚོན་ཁྲ་དེ་དག་གིས་བདེ་བ་དང་ཚེ་དང་ནུས་མཐུ་རྣམས་མཚོན་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ག་རྒྱ་གར་ལྷོ་ཕྱོགས་སུ་བོད་མི་རྒན་རབས་ཚོས་ཧོ་ལིའི་དུས་སྟོན་དེ་བྱས་པའི་རྗེས་ཚ་བ་ཏོག་ཙམ་ཆུང་དུ་འགྲོ་བའི་འགྲེལ་བརྗོད་ཡང་བྱེད་ཀྱི་འདུགཧོ་ལི་དུས་སྟོན་དེར་ལོ་རྒྱུས་ཀྱི་བྱུང་བ་མང་དག་ཡོད་འདུག་ཀྱང་གྲགས་ཆེ་བ་ཧོ་ལི་དང་པོ་བྱུང་ཚུལ་གྱི་སྐོར་དེ་བརྗོད་ན། བཤད་རྒྱུན་ལ་གནའ་སྔ་མོ་ཞིག་ཧི་རན་ཡ་ཀ་སི་པུ་ཞེས་པའི་བདུད་རྒྱལ་ཞིག་ཡོད་པ་དེར་པྲ་ར་ལ་དྷ་ཞེས་པའི་རྒྱལ་སྲས་ཞིག་ཡོད། རྒྱལ་སྲས་དེ་ནི་རྟག་ཏུ་ལྷ་ལ་མཆོད་པར་བྱེད་པ་ལ་སོགས་པའི་དམ་པའི་སྤྱོད་ལ་དགའ་བར་སོང་། རྒྱལ་པོ་གདུག་པ་ཅན་དེ་ཡིད་མ་རངས་པར་རང་གི་གཅུང་མོ་ཧོ་ལི་ཀ་བྱ་བ་མེ་འཚིག་པར་མི་ནུས་པའི་བདུད་མོ་ཞིག་ཡོད་པ་དེར་རྒྱལ་སྲས་གསོད་པའི་བཀའ་བཏང་། བདུད་མོས་རྒྱལ་པོའི་བཀའ་བཞིན་རྒྱལ་སྲས་བཟུང་ནས་མེ་ཐབ་གྱི་ནང་དུ་འཛུལ་ནས་གསོད་པར་བརྩམས་ཀྱང་རྒྱལ་སྲས་མ་ཚིག་པར་བདུད་མོ་མོ་རང་ཚིག་ནས་རང་ལུས་ཐལ་བར་གྱུར། འོན་ཀྱང་རྒྱལ་སྲས་ཀྱི་ཨ་ནི་བདུད་མོ་དེས་མ་ཤི་གོང་དུ་རྒྱལ་སྲས་ལ་དགོངས་སེལ་ཞུས་པ་དང་རྒྱལ་སྲས་ཀྱིས་ཀྱང་དགོངས་པ་དྭངས་པར་བཞེས་ནས་ལོ་ལྟར་མོའི་མིང་དེ་དྲན་རྒྱུའི་ཆེད་དུ་ཧོ་ལི་ཞེས་པའི་དུས་སྟོན་དེ་བཙུགས་པར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ཏུ་དུས་སྟོན་དེ་ནི་ཧིན་དྷུའི་ལྷ་ནག་པོ་སྟེ་ཀ་རི་ཤི་ན་དང་ར་དྷ་གཉིས་ཀྱི་རྫོགས་མཐའ་མེད་པའི་བརྩེ་རྡུང་གི་སྐོར་ནས་འགྲེལ་བརྗོད་ཡང་བྱེད་ཀྱི་ཡོད་འདུག་པ་བཅས་སོ།།

2010-12-01
iPhone iTouch iPad སོགས་ཀྱི་ནང་བོད་ཡིག་འཇུག་ཚུལ།
ཁྱེད་རྣམ་པར་ iphone དང་ ipad་དང་ ipod touch སོགས་ཡོད་པ་ཡིན་ན། དེའི་ནང་གི་གཉེན་ཆས་དེ་ དེང་སང་གསར་དུ་འཐོན་པའི་གཉེན་ཆས་ ios 4.2.1 ཞེས་པ་དེ་དང་གོ་ས་བརྗེ་དགོས། གོ་ས་བརྗེ་སྟངས་ནི་ཁྱེད་ཀྱི་ipad ལྟ་བུ་དེ་གློག་གླད་ནང་གི་ iTUNE ཞེས་པའི་གཉེན་ཆས་འཐུད་རྗེས། iTune (iTune 10.1.0.56 ཡན་ཆད་དགོས་འདུག ) ནང་གི་DEVICES ཞེས་པའི་མིང་འོག་སོ་སོའི་iPad སྟེང་བསྣུན་ནས་Summary ཞེས་པའི་ནང་ཕེབས་ནས་ check for update འམ་ Install new vesion བསྣུན་ནས་ipad གྱི་གཉེན་ཆས་གསར་པ་བླུགས་གནང་དགོས་འདུག དེ་ལྟར་བླུགས་པའི་དུས་ཡུན་ནི་དྲ་མགྱོགས་ལོས་ལས་ཚོུད་དྲུག་ཡས་མན་འགོར་སྲིད།དེ་ལྟར་གྲུབ་རྗེས་ཉིད་ཀྱི་iPad སྒོ་ཕྱེ་ནས་setting ནང་ཕེབས། དེ་ནས་ general ནང་ཕེབས། དེ་ནས་keyboad ནང་ཕེབས། དེ་ནས་ international keyboad ནང་ཕེབས། དེ་ནས་add new keyboad ནང་ཕེབས། དེ་ནས་tibetan ནང་ཕེབས་ནས་བོད་ཡིག་གི་ཐེབས་གཞོང་གསུམ་པོ་གང་ཡང་གཅིག་འདེམ་དགོས།
2010-06-10
ལྷ་མ་ཡིན་སོགས་འགྲོ་བ་གང་དུ་གཏོགས་སམ།
མདོ་ལས་ལྷ་མ་ཡིན་ནི་བདུད་ཀྱི་རིས་ཀྱི་ཡི་དྭགས་དང་དུད་འགྲོའི་ནང་དུ་བསྡུས་པར་བཤད་ཅིང་། སློབ་དཔོན་ཐོགས་མེད་ཀྱིས་ལྷ་ཡིན་ཀྱང་ལྷ་ཡི་ཆོས་སྤངས་པས་ལྷ་མ་ཡིན་ཞེས་གསུངས་པས་ལྷ་དང་ཡི་དྭགས་དང་དུད་འགྲོའི་རིགས་ཀྱིས་བསྡུས་པ་ཡོད་དོ།།
འོ་ན་དྲི་ཟ་བྱ་བ་གང་ཡིན་ལྷ་མ་ཡིན་ཡིན་ནམ་ཞེ་ན།
དྲི་ཟ་ནི་བར་སྲིད་པ་དང་། ལྷའི་རོལ་མོ་མཁན་གཉིས་གོ་ཞིང་། དང་པོ་ནི་འདོད་གཟུགས་དུ་སྐྱེ་འགྱུར་གྱི་སྐྱེ་བ་སྔ་མའི་འཆི་སྲིད་དོར་བའི་བར་དུ་སྲིད་པ་འཚོལ་གྱི་བར་བ་དེ་ཡིན་ལ། གཉིས་པ་ནི་ལྷ་་ཡིན་ནོ།།
དེ་བཞིན་དུ་གྲུལ་བུམ་དང་ལུས་སྲུལ་པོ་ཡི་དྭགས་དང་ལྷར་གཏོགས་ཡིན་ལ། ཀླུ་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱོ་ཆེན་པོ་རྣམས་ནི་དུད་འགྲོར་གཏོགས། ཤ་ཟ་དང་སྨྱོ་བྱེད་དང་མ་མོ་སོགས་ནི་ཡི་དྭགས་སུ་གཏོགས་སོ།། ཀླུ་ཡི་དྭགས་སུ་གཏོགས་པའང་ཡོད།
འོ་ན་སྲིན་བུ་གང་དུ་གཏོགས་ཟེར་ན། སྲིན་བུ་ནི་མིའི་བྱེ་བྲག་ཡིན། གནོད་སྦྱིན་དང་ཕྱོགས་སྐྱོང་སོགས་དང་བདུད་རྣམས་ནི་ཕལ་ཆེར་ལྷའི་སྡེར་གཏོགས་སོ།།
2010-05-15
སྡོམ་འཐག་ལ་མིག་ག་ཚོད་ཡོད་དམ།
སྡོམ་འཐག་ལ་མིག་ག་ཚོད་ཡོད་དམ།
༼སྡོམ་འཐག་ཆེན་པོ་དེ་འདྲའི་གློག་བརྙན་གང་མང་འདོན་ཡོད་པ་དེ་ཚོ་འགའ་ཞིག་གི་ནང་སྡོམ་འཐག་གི་མིག་ནི་ཞེད་སྣང་ཚ་པོ་དེ་འདྲ་སྟོན་ཡོད་ནའང་དེ་དག་ནི་ཧོ་ལི་ཝུཌ་ཡི་རྟོག་བཟོ་ཙམ་ལས་དོན་དངོས་དེ་ལྟར་མིན།༽
༡༽ སྡོམ་འཐག་རིགས་འགའ་ཤས་ལ་མིག་དྲུག་དང་བཞི་དང་གཉིས་བྱས་པ་དེ་འདྲ་ཡོད་ཀྱང་སྡོམ་འཐག་ཕལ་མོ་ཆེར་མིག་བརྒྱད་ཡོད་ལ། ཁོང་ཚོའི་མིག་གི་གྲལ་སྒྲིག་སྟངས་ལས་ཚན་རིག་པ་ཚོས་སྡོམ་འཐག་དེ་རིགས་གང་ཡིན་ངོས་འཛིན་པར་ཡང་ཕན་ཐོགས་ཡོང་གི་ཡོད། དེས་ན་ཚན་རིག་མཁན་ཚོས་ཐག་ཉེ་ནས་སྡོམ་འཐག་གི་མིག་ལ་ལྟ་འདོད་ཡོང་ནས་ཐག་ཇི་ཉེ་ནས་ལྟ་བར་གྲ་སྒྲིག་བྱས་པ་རེད།
སྤྱིར་བཏང་སྡོམ་འཐག་གི་མགོ་བོའི་སྟེང་མིག་ཁ་ཤས་ཡོད་ནའང་མདུན་དུ་དེ་ལས་མང་བ་ཡོད། དེ་ལྟར་སྡོམ་འཐག་ལ་མིག་དེ་འདྲའི་མང་པོ་ཡོད་ནའང་ཡ་མཚན་པ་ཞིག་ལ་སྤྱིར་བཏང་སྡོམ་འཐག་ལ་མིག་གི་མཐོང་ཤུགས་ཡག་པོ་མེད། ཕལ་ཆེར་ཁོང་ཚོས་གཡས་གཡོན་དུ་འགུལ་བཞིན་པའི་སྣང་མུན་གྱི་དབྱིབས་ཙམ་རིག་གི་ཡོད་པ་ཡིན། སྡོམ་འཐག་གིས་རྔོན་རྒྱག་དུས་མིག་སྐྱོ་བོ་དེ་ལ་ཁྱད་དུ་འཕགས་པའི་གཡོ་འགུལ་ཚོར་ཤེས་དང་ཟས་ཚོར་ཤེས་ཀྱི་ནུས་པས་རོགས་རམ་བྱེད་ཀྱི་ཡོད།
སྡོམ་འཐག་གི་མིག་ནི་dragonflyའབུ་བླ་མ་མ་ནིའི་མིག་ནང་བཞིན་མིག་གཅིག་གི་ནང་མཐོང་ངོས་མང་པོ་ཡོད་པ་དེ་འདྲ་མིན་པར་སྤྱིར་བཏང་གི་མིག་མཐོང་ངོས་གཅིག་ཅན་དེ་འདྲ་ཡིན།
༢༽ དམིགས་བསལ་དཔག་འཆོང་སྡོམ་འཐག་jumping spiderགི་རིགས་ནི་མིག་གིས་ཧ་ཅང་ཡག་པོ་མཐོང་ཐུབ་ཀྱི་ཡོད། ཁོང་ཚོའི་མགོ་བོའི་མདུན་ཕྱོགས་སུ་མིག་ཧ་ཅང་ཆེན་པོ་དེ་འདྲ་ཡོད།
ར་ས་ཕོ་ཉས་དཔར་བླངས།
གོང་གི་འདྲ་དཔར་དེར་ཁྱེད་ཀྱི་ལྟས་ཚེ་དོ་སྣང་བྱ་དགོས་ས་གཉིས་ཡོད་པ།
༡ མིག་ནག་པོ་ཆེན་པོ་འདི་འདྲའི་གྲལ་ཡོད་པ།
༢ དཔར་རྒྱག་མཁན་ལ་ལྟ་བཞིན་ཡོད་པ།
དེ་གཉིས་ལ་འབྲེལ་བ་ཆེན་པོ་ཡོད། དཔག་འཆོང་སྡོམ་འཐག་གིས་མིག་ཆེན་པོ་དེ་ཚོས་དངོས་པོ་དཔེ་མང་པོ་མཐོང་ཐུབ་ཀྱི་ཡོད་ལ། དངོས་པོ་གང་ཞིག་འགུལ་བསྐྱོད་བྱས་པ་དང་མིག་དེ་ཚོ་བརྟག་ཞིབ་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད། དེས་ཁོང་ཚོར་དཔར་རྒྱག་རྒྱུར་དཀའ་ངལ་བཟོ་ཡི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་པར་ཆས་ཀྱི་ཤེལ་ཀོ་མཐོང་བ་དང་དེའི་སྟེང་འཆོང་སྡོད་ཀྱི་ཡོད། ཁོང་ཚོར་དཔར་ཞིག་རྒྱབ་པའི་རྗེས་སོ་སོའི་གདོང་པའམ་པར་ཆས་གང་རུང་གི་སྟེང་སྡོམ་འཐག་དེ་འཆོང་ཚར་བ་རེད།
སྡོམ་འཐག་དེ་རྒྱུན་ལྡན་ཞིག་མིན་པར་སྟོན་ཆེད་གཤམ་དུ་དཔག་འཆོང་སྡོམ་འཐག་གཞན་པ་ཞིག་གི་དཔར་བཀོད་ཡོད། སྡོམ་འཐག་དེར་མདུན་དུ་མིག་ཆེན་པོ་དེ་འདྲ་མཐོང་རྒྱུ་ཡོད་ལ། ད་ལན་སྟེང་ནས་དཔར་བཏབ་པས་སྡོམ་འཐག་དེར་མདུན་གྱི་མིག་བཞི་ཙམ་དུ་མ་ཟད་པ་ཤེས་ཐུབ་པ་ཡིན།
༣༽ མཇུག་ཏུ་སྡོམ་འཐག་ལ་མིང་གསར་པ་ཞིག་བཏགས་པ།
སྡོམ་འཐག་གི་མིང་གི་རྣམ་གྲངས། ལྟེ་བལ་ཅན། འཐག་མཁན། དྲ་བ་ཅན། སྤྲེའུ་འདྲ། བལ་ཅན། འབུ་སྡོམ། རྒྱ་ཀ་ར། འདྲེ་ཕོ་བ་ར་སོགས་སྔར་ནས་ཡོད་ལ་དེ་དག་སྟེང་། ད་ལན་ཁོ་བོས་མིང་གསར་པ་ཞིག་བཏགས་འདོད་པ་ནི་༼མིག་བརྒྱད་པ་༽ཞེས་པ་དེ་ཡིན། ཡང་རྐང་མིག་བརྒྱད་པ་ཞེས་ཀྱང་བཏགས་ཆོག
2010-05-14
ཀར་ཤ་པ་ཎ།
གོང་
སྤྱི་
༡ ཀར་ཤ་པ་ཎ་ལ། མཚན་ཉིད་པ་དང་བཏགས་པ་བ་གཉིས་ཡོད།
ཀར་ཤ་པ་ཎ་མཚན་ཉིད་པའམ་ངོ་མ་ནི། རྒྱལ་པོ་རྨ་བྱ་བའི་ཁྲིམས་ལུགས་ཀྱིས་བྱས་པའི་དངུལ་ལས་གྲུབ་པའི་དོང་རྩེའི་རྣམ་པ་འདྲ་བའི་རི་མོ་ཅན་ཞིག་སྟེ། ལུང་ལས། དོང་ཙེ་ལྟ་བུའོ་ཞེས་དང་། རྒྱལ་པོ་རྨ་བྱ་བའི་ཁྲིམས་ལུགས་ལས་བྱུང་བ་ཞེས་སོ།།
ཀར་ཤ་པ་ཎ་བཏགས་པ་བ་ནི།
ཀར་ཤ་པ་ཎ་མཚན་ཉིད་པ་དེ་དང་རིན་ཐང་མཉམ་པའི་འགྲོན་བུ་དང་ཇ་དང་སྣམ་བུ་དང་། ཡང་ལྕགས་དང་ཟངས་ལི་སོགས་ལས་བྱས་པའི་དངོས་པོ་རྣམས་སོ།།
༢ ཀར་ཤ་པ་ཎའི་རིན་ཐང་ནི།
འགྲོན་བུ་བརྒྱད་ཅུ་ལ་མ་ཤ་ཀའམ་པ་ཎ་གཅིག་ཡིན། པ་ཎ་བཅུ་དྲུག་ལ་ཀར་ཤ་པ་ཎ་གཅིག་ཡིན། དེས་ན་འགྲོན་བུ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་༡༢༨༠ལ་ཀར་ཤ་པ་ན་གཅིག་ཡིན་པས། རྐུ་ཕམ་སྐྱེ་བའི་རིན་ཐང་གི་ཚད་ལ་འགྲོན་བུ་སུམ་བརྒྱ་ཅུ་ཡིན་ནོ། འོན་ཀྱང་ཡུལ་དུས་ཀྱི་དབང་གིས་པ་ན་ལྔ་སྟེ་འགྲོན་བུ་བཞི་བརྒྱའི་རིན་ཐང་ལ་འཇོག་པའང་ཡོད་དོ།།
དེ་ཡང་འདུལ་བ་ཀཱ་རི་ཀ་ལས།
ཀར་ཤ་པ་ཎའི་བཞི་ཆ་བརྐུས།།
དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར།།
མདོར་ན་ཀར་ཤ་པ་ན་ནི་འགྲོན་བུ་བརྒྱད་ཅུའི་རིན་ཐང་ཅན་གྱི་པ་ཤག་གམ། སྔོན་དུས་ཚོང་རྒྱག་པའི་སྐབས་སུ་བེད་སྤྱད་གཏོང་རྒྱུའི་དངུལ་གྱི་ཚོད་དེ་ཡིན་ནོ།།
(HAITI) ཧྱེ་ཏི་སྤྱི་མཐུན་རྒྱལ་ཁབ་ངོ་སྤྲོད།
ཧྱེ་
ཧྱེ་
ཧྱེ་
ཧྱེ་
ཧྱེ་
སྤྱི་
ཨ་ཚག་ཚག་པ། CRICKET ཆ་ག་བ།
གོང་གསལ་དཔར་གྱི་ནང་གི་འབུ་སྲིན་དེ་དག་ཅི་ཡིན་དང་མིང་ལ་བོད་སྐད་དང་དབྱིན་སྐད་དུ་གང་ཟེར་ཤེས་འདོད་ཡོད་དམ། འབུ་སྲིན་དེའི་མིང་ལ་དབྱིན་སྐད་དུ་ཀཊི་ཌིཌ་་་ནྱཾཕ་Katydid Nymphཟེར་ཞིང་། བྷུ་ཤེ་ཀྲིཀ་ཀེཊ་(bush criket)ཡང་ཟེར།
ཀཊི་ཌིཌ་ཞེས་པ་འབུ་སྲིན་དེའི་དར་མའི་མིང་དང་ནྱཾཕ་ཞེས་པ་འབུ་སྲིན་དེ་རིགས་བྱིས་པའི་སྐབས་ཀྱི་མིང་ཡིན་པས་དེ་ལྟར་བརྗོད་པ་ཡིན།
འབུ་སྲིན་དེའི་མིང་ལ་བོད་སྐད་དུ་"རྩ་ལྡུམ་གྱི་ཨ་ཚག་ཚག་པ"འམ་རྩ་ལྡུམ་གྱི་ཆ་ག་པ་བརྗོད་ཆོག་པ་ཡིན། ཡང་ན་རྩ་ལྡུམ་གྱི་ཆ་ག་པའི་བྱིས་པ་ཞེས་བརྗོད།
ཨ་ཚག་ཚག་པ་ཞེས་པ་གཙོ་བོ་ཀྲིཀ་ཀེཊ་༼ཀརི་ཀེ་ཊ་༽cricketཞེས་པ་རྒྱ་ནག་གིས་བྱིས་པ་ཚོས་སྨྱུག་སྡོང་ནང་བླུགས་ནས་གསོ་ཉར་བྱས་པའི་འབུ། སྐད་ཙེར་ཙེར་ཟེ་རྒྱག་མཁན་རྐང་ལག་དྲུག་དང་ཚོར་རྭ་གཉིས་ཡོད་མཁན་དེ་ལ་ཟེར་བ་འདྲ་ཡང་། དོན་ལ་དབྱིན་སྐད་ནང་གི་ཀྲིཀ་ཀེཊ་༼ཀརི་ཀེ་ཊ་༽cricketཞེས་པ་དང་། གྷྲ་སེ་་་་ཤོབ་པར་(grasshopper)ཞེས་པ་དང་། ཀཊི་ཌིཌ་(Katydid)ཞེས་པ་གསུམ་ག་ལ་ཁྱབ་པའི་སྤྱི་མིང་ལ་གོ་ཆོག་སྙམ།
༢༠༡༠།༡།༡༨ཉིན་སྤེལ།
ད་ལྟ་ཉི་མ་གཟའ་ཡིས་འཛིན་བཞིན་པ།
དེ་
དཔར་པ།༼ར་ས་ཕོ་ཉ།༽
ས་གནས།༼མོན་གྷོ་ཌི།༽
དུས་ཚིགས། ༼Today, January 15, 2010, 1:34:52 PM༽
ཉི་འཛིན་ནི་སྲོལ་རྒྱུན་བཤད་ལུགས་ལྟར་ན། ར་ཧུ་ལའམ་སྒྲ་བཅན་ཟེར་པའི་བདུད་མགོ་ལས་ལུས་པ་མེད་པ་ཞིག་ཡོད་པ་དེས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཟ་བཞིན་ཡོད་པར་བཤད། དུས་རྒྱུན་ཆོས་སྐད་དུའང་སྒྲ་བཅན་གྱི་མགོ་དང་ཆི་གུའི་ལུས་ཞེས་གྲགས་པ་ལྟར་ཡིན། སྒྲ་བཅན་ནི་ཕྱི་རོལ་པའི་རིག་བྱེད་ཀྱི་གཏམ་རྒྱུད་དང་མཐུན་པར་གླེང་བ་ཞིག་ཡིན་འདུག།
དེང་དུས་ཚན་རིག་པས་བཤད་ལུགས་ལྟར་ན། དུས་ཀྱི་འཁོར་བསྐྱོད་ཀྱིས་ཟླ་བའི་དཀྱིལ་འཁོར་དེ་འཛམ་བུ་གླིང་དང་ཉི་མའི་བར་འཚང་ནས་ཉི་མའི་གཟུགས་འགེབ་པ་ལས་ཉི་མ་གཟའ་འཛིན་དེ་བྱུང་བ་ཡིན་པ་དང་། ཟླ་བ་གཟའ་འཛིན་ཡང་ཟླ་བ་དང་ཉི་མའི་བར་དུ་འཛམ་བུ་གླིང་འཛུད་པས་འཛམ་བུ་གླིང་གི་སྒྲིབ་ནག་ཟླ་བ་ལ་ཕོག་པ་ལས་བྱུང་བར་བཤད། དེ་ནི་ཉི་འཛིན་དང་ཟླ་འཛིན་ཚང་མ་གནམ་གང་གི་ཉིན་མཚན་དུ་བྱུང་བ་དང་མཐུན་པ་ཡིན།
དོགས་གཅོད། ཚན་རིག་དང་སྲོལ་རྒྱུན་གྱིས་བཤད་པ་དེ་ལྟར་རྒྱག་བཞིན་ཡོད་ནའང་། དཔར་ཆས་ཀྱི་ནང་ཡག་པོར་བལྟ་སྐབས་༼འདྲ་པར་གསུམ་པ་དེ་ལྟར་༽ཉི་མའི་འོད་ཟེར་གྱི་དཀྱིལ་དུ་ཟླ་བ་ཚེས་པ་འདྲ་བའི་གྲིབ་ནག་ཞིག་མཐོང་གི་འདུག་པ་དེ་ཇི་ལྟར་བྱས་པ་ཡིན་ནམ།
ཉི་འཛིན་ལ་དཔར་ཇི་ལྟར་རྒྱག་ཡོད་པ།
ཉི་མ་གཟའ་འཛིན་ལ་པར་རྒྱག་རྒྱུ་ནི་དཔར་ཆས་དམིགས་བསལ་ཅན་ཞིག་ཡོད་ན་མ་གཏོགས་དཀའ་བ་ཞིག་རེད་འདུག དེ་ཡང་དང་ཐོག་རང་ཉིད་ཀྱི་མིག་ལ་མ་གནོད་པའི་ཆེད་མིག་ཤེལ་ནག་པོ་ཞིག་དྲ་སྒྲིག་དགོས་འདུག དེ་ནས་དཔར་ཆས་འཁྱེར་ནས་དཔར་རྒྱག་པར་བརྩོན་དུས་ཉི་མའི་འོད་ཟེར་གྱིས་དཔར་ཆས་འགེབས་ནས་ཉི་མའི་དབྱིབས་ཧ་ཅང་མཐོང་དཀའ་བ་རེད་འདུག དཔར་ཆས་ནང་ཡག་པོར་བསྒྲིགས་རྗེས་གཞི་ནས་༼གོང་དུ་བཀོད་པ་དེ་འདྲ་༽ཉི་མའི་དབྱིབས་ཞིག་མཐོང་ནའང་དཀྱིལ་དུ་ཟླ་བའི་གྲིབ་ནག་འདྲ་བ་མངོན་པ་དང་། དཔར་རྒྱག་དུས་ཉི་མའི་འོད་མ་གཏོགས་མི་ཐེབས། ཡིན་ནའང་། དུས་ཚོད་ཐུང་ཐུང་ཞིག་ནང་ངས་ཚོད་ལྟ་གང་འཚམ་བྱས་མཐར། རང་གི་དཔར་ཆས་ལ་མིག་ཤེལ་འདྲ་མིན་མང་པོ་གཡོགས་ནས་གོང་གི་འདྲ་པར་དང་པོ་གཉིས་པོ་དེ་རྒྱབ་པ་ཡིན།
ལག་ཐོགས་ཁ་པར་གྱིས་དྲན་ཤེས་འཕེལ་རྒྱས་གཏོང་བ།
འདི་ཡང་འཕྲུལ་ཆས་ལས་འཐོན་པའི་ར་ཌིཡ་ཤེན་radiationཞེས་པའི་འོད་ཟེར་གྱིས་ཀླད་པ་ལ་ཕན་འབྲས་ཐོགས་པོ་ཡོད་པ་དང་། ཨལ་ཛེ་མིར་གྱི་ཞེས་པའི་ནད་ཀྱི་ནུས་པ་ཡང་ཕྱིར་ལྡོག་ཐུབ་ཀྱི་ཡོད་པའི་ཨ་མི་རི་ཀའི་གྲོས་འདོན་བྱས་པ་བཞིན། ཨ་མི་རི་ཀའི་ལྷོ་ཕོ་ལོ་རི་ཌའི་Floridaསློབ་གྲྭ་ཆེན་མོའི་ནང་ཙི་ཙི་ཞིག་ལ་ཉམས་ཞིབ་བྱས་པ་ལས་དེ་ལྟ་བུའི་ཤེས་བྱ་གསར་པ་དེ་ཤེས་ཡོད་རེད།
༢༠༡༠ཟླ་བ་༡་ཚེས་༨ཉིན།
grizzly bear དྲེད་མོང་།
དྲེད་མོང་།
བྱང་ཨ་མི་རི་ཀའི་གླིང་ཆེན་དང་བོད་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག བྱང་ཨ་མི་རི་ཀའི་དྲེད་མོང་ལ་གྷྲི་ཛེ་ལི་བྷིར་grizzly bearཟེར་བ་དང་ཟས་སུ་ཉ་དང་གླ་གླང་སོགས་སྤྱོད་ཅིང་གངས་འཁྱགས་ཉེ་འཁྲིས་ཀྱི་བྲག་དང་ནགས་གསེབ་གནས། བོད་དུ་ཡོད་པའི་དྲེད་མོང་ནི་གཡག་དང་བོང་བུ་སོགས་ཕྱུགས་ཀྱི་རིགས་ཟོས་ཤིང་མི་དྲེད་ཀྱིས་མི་ལའང་འཚེ་བ་བྱེད། གངས་རི་ཉེ་འཁྲིས་ཀྱི་བྲག་རི་དང་ཛ་རི་ནགས་ཁྲོད་དུ་འཚོ། ༼དབྱིན་སྐད་ཚིག་མཛོད་ཁ་ཤས་ནང་blue bearདོམ་སྔོན་པོ་ཡང་ཟེར་འདུག༽
བོད་ཀྱི་དམངས་གཏམ་ཁྲོད་དྲེད་མོང་གི་སྒྲུང་གཏམ་ཡང་མང་པོ་བཤད་སྲོལ་ཡོད།
ལྷ་
བོད་
ཨ་
གཡག་གི་གྲོགས་པོ་ཨ་མི་རི་ཀའི་གླིང་ཆེན་ནང་ཡོད།
དབྱིན་སྐད་དུ་MUSKOX བོད་སྐད་དུ་༼གླ་གླང་།༽
གླ་གླང་ནི་ཁེ་ན་ཌ།canada གྷེ་རེན་ལེནྚ།greenland ཨ་ལ་སེ་ཀ་alaska༼ཨ་མི་རི་ཀའི་ཁུངས་ཡིན༽བཅས་ཀྱི་ནང་འཚོ་སྡོད་བྱེད་ཀྱི་ཡོད། དེ་ཡང་སྤྱིར་བཏང་གྲངས་བཅུ་ཉི་ཤུ་ཙམ་མཉམ་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་སྐབས་རེ་བདུན་ཅུ་ཙམ་ཡང་མཉམ་དུ་སྡོད་ཀྱི་ཡོད། གླ་གླང་ནི་མིས་ལས་སླ་པོས་ངང་རྔོན་རྒྱག་ཐུབ་པ་དང་། དེ་མིན་སྤྱང་ཀི་དང་དྲེད་མོང་gizzly bearའཁྱགས་དོམ་polar bearབཅས་ཀྱི་ཀྱང་གསོད་ཀྱིི་ཡོད་འདུག། གླ་གླང་ནི་ར་དང་ལུག གླང་དང་བཅས་པར་འབྲེལ་བ་ཉེ་པོ་ཡོད་ནའང་ཁོང་ཚོ་ནི་སོ་སོའི་རིགས་ཤིག་ཏུ་གཏོགས་པ་ཡིན།
༼གླ་གླང་ནི་གྲང་རེག་ལ་བཟོད་བསྲན་ཆེན་པོ་ཡོད་པས་གངས་འཁྱགས་ཀྱི་བར་འཚོ་གནས་བྱེད་ཐུབ་པར་སོང་ངས་གཡག་གི་གྲོགས་པོ་བཟོ་ན་ཆོག་གམ་སྙམ།༽
འང་གུ་དང་ཕུག་རོན།
དབྱིན་
dove :ཕུག་
pigeon :འང་
ངོ་འཚར་ཆེ་བའི་འཛམ་གླིང་གི་དོང་ཆེན་པོ་བདུན།
༡ ཀིམ་བྷེར་ལེ་དོང་ཆེན། ༼ལྷོ་ཨཕ་རི་ཀ༽
༢ གྷོ་ལོ་རི་དོང། མོན་ཤི་སེལ་ལོ་ཌམ། ༼ཨ་མི་རི་ཀའི་ཀེལ་ཕོ་ནིཡ་མངའ་ཁུངས་སུ་ཡོད།༽
༣ བྷིན་གྷམ་ཁེན་ཡོན། ༼ཨུ་ཏ་ཧ། ༽
༤ བླ་ན་མེད་པའི་ས་དོང་སྔོན་མོ། ༼བྷེ་ལེ་ཛེ།༽
༥ མིར་ནི་ཕ་ལམ་གྱི་ས་དོང་། ༼སེར་བྷིཡ།༽
༦ ཌེཡ་ཝིཀ་ས་དོང་། ༼ཁེ་ན་ཌ།༽
༧ སིན་ཁོ་ལི། ༼གྷོ་ཊེ་མ་ལ།༽
2010-05-13
སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ།
ད་ལན་འདིར་དང་ཐོག་སྐྱ་རེངས་འཆར་དུས་བཤད་ནས་ཐོ་རེངས་སྐྱ་རེངས་མིན་པར་སྒྲུབ་པ་ལ། དང་པོ་སྐྱ་རེངས་འཆར་དུས་གཏན་ལ་ཕབ་ལ་གསུམ་ལས།
༡ ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ་ནི། ནམ་ལ་སྲོས་དང་གུང་དང་ཐོ་རེངས་ཀྱི་ཆ་གསུམ་དུ་བགོས་པ་ལས་ཐོ་རེངས་ལའང་ཆ་གསུམ་དུ་ཕྱེ་བའི་ཆ་དང་པོའི་ཕྱེད་ཙམ་ན་སྐྱ་རེངས་འཆར་བར་དགེ་སློང་མའི་རྣམ་འབྱེད་ལས་གསུངས་ཤིང་། བྱེ་བྲག་བཤད་མཛོད་ལས་མཚན་མོའམ་ནམ་གི་ལྔ་ཆ་ལུས་པ་ན་སྐྱ་རེངས་ཤར་བར་གསུངས། དེ་ཡང་དགེ་སློང་མའི་རྣམ་འབྱེད་ལས་སུམ་ཆ་ཉེ་བ་ལུས་ན་འཆར་བར་གསུངས་པ་ནམ་ཐུང་ངུའི་དུས་དང་། བྱེ་བཤད་ལས་ལྔ་ཆ་ལུས་པ་ན་འཆར་བར་གསུངས་པ་ནམ་རིང་བའི་དུས་སུ་གསུངས་པ་ཡིན་པས་འགལ་བ་མེད་པར་ཀུན་མཁྱེན་མཚོ་སྣ་བས་གསུངས་སོ།།
༢ མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ་ནི། འོད་ལྡན་ལས་སྐར་མའི་བསྟན་བཅོས་ཁུངས་སུ་དྲངས་པ་མཚོ་ཊིཀ་ལས།
སྐྱ་རེངས་དང་པོ་ཤར་ན་ནི།།
ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་།།
སྐར་མའི་གདོང་གི་འོད་ཟེར་ཉམས།།
ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན།།
ཞེས་པར་ལྟར་ཡིན་ཞིང་། འགྲེལ་ཆུང་དུ་སྐྱ་རེངས་ཀྱི་དབྱེ་བ་ལ་སྔོ་རེངས་དང་དམར་རེངས་དང་སེར་རེངས་གསུམ་ཞེས་ཀྱང་གསུངས་ན། སྔ་དྲོ་ནམ་མཁའ་ལ་ཉི་མའི་མདངས་ཕོག་ནས་སྔོ་སྐྱར་འགྱུར་བ་ན་སྐྱ་རེངས་ཤར་བ་བཞེད་དོ།
༣ མཐར་ཆུ་ཚོད་དུ་བཅད་ནས་རིགས་པས་གཏན་ལ་ཕབ་པ་ནི། ནམ་རིང་བ་སྟེ་ནམ་ཧྲིལ་པོར་ཆུ་ཚོད་བཅུ་གཉིས་ཡོད་པའི་དབང་དུ་བཏང་ནས་བྱེ་བཤད་ལྟར་བྱ་ན། འདི་ལྟར་ཆུ་ཚོད་བདུན་པ་ནས་ཉི་མ་བཞུད་ན་སྔ་དྲོ་ཆུ་ཚོད་༤།༣༠ཐོག་ནམ་གྱི་ལྔ་ཆ་བཞི་ཟད་ནས་ལྔ་ཆ་ལུས་པ་ཡིན་པས་སྐྱ་རེངས་འཆར་བ་དང་།
ཡང་། ནམ་དུས་ཐུང་བ་སྟེ་ནམ་ཧྲིལ་པོར་ཆུ་ཚོད་བཅུ་དང་ཕྱེད་ཙམ་ཡོད་པའི་དབང་དུ་བཏང་ནས་མའི་རྣམ་འབྱེད་ལྟར་བྱེད་ན། ཆུ་ཚོད་༣ཡོལ་ཙམ་ལ་ནམ་གྱི་དགུ་ཆ་བདུན་ཟད་ལ་ཉེ་བའམ་སུམ་ཆ་ཉེ་བ་ལུས་པ་ཡིན་པས་དེའི་ཚེར་སྐྱ་རེངས་འཆར་བར་འདོད་པར་སོང་ངོ་།།
མདོར་ན་རིགས་པས་བརྟགས་པའི་འབྲས་བུར། ནམ་དུས་རིང་ཐུང་དང་ཉི་མ་ཆུ་ཚོད་གང་དུ་བཞུད་མིན་སོགས་ཀྱི་ཁྱད་པར་མེད་པར་ཉི་མ་མ་འཆར་གོང་གི་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ཙམ་གྱི་ཚེ་སྐྱ་རེངས་འཆར་བར་འདོད་པ་དཔྱད་མཐར་སྒྲུབ་སྟེ། ནམ་རིང་ཐུང་གི་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བར་མི་རིགས་པས། ནམ་རིང་ཐུང་གཉིས་ཀར་སྐྱ་རེངས་ཤར་ནས་ནམ་མ་ལངས་བར་གྱི་དུས་ཡུན་མཉམ་པར་མཚོ་སྣ་བས་གསུངས་པ་བཞིན་ཡིན་པས་སོ། །དམིགས་བསལ་འཛམ་གླིང་གི་ལྷོ་བྱང་དུ་ཡོད་པའི་ལུང་པ་འགའ་ཤས་ཀྱིས་མ་ངེས་པ་ཡོད་པ་དེ་དག་ན་གོང་གི་ལུང་རིགས་དག་ལས་རིག་པ་ཤེས་པར་བྱ་དགོས་པའང་ཡོད་དོ།།
ཐོ་རེངས་སྐྱ་རེངས་སུ་འདོད་པ་འཁྲུལ་ཏེ། གོང་དུ་དྲངས་པའི་རྣམ་འབྱེད་ལས་ཐོ་རེངས་ཀྱི་ཆ་གསུམ་གྱི་དང་པོའི་ཕྱེད་ཙམ་ལ་སྐྱ་རེངས་འཆར་བར་གསུངས་པས་ལུང་གི་སྒྲུབ་བྱེད་དང་། བདག་ཅག་གི་སྟོན་པས་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་སྲོད་ལ་བདུད་བརྟུལ་གུང་ལ་མཉམ་པར་བཞག ཐོ་རེངས་སྦྱོར་དྲོད་ཡན་ཆད་ཀྱི་རྟོགས་པ་སྟན་ཐོག་གཅིག་ལ་སྐྱེས་པ་ཡིན་པས། ཐོ་རེངས་ཀྱི་ཚེ་སྐྱ་རེངས་ཤར་ཟིན་ན་དེའི་ཚེ་ཚེས་བཅུ་དྲུག་གམ་མར་ངོའི་ཚེས་ཤར་ཟིན་པ་ཡིན་པས། སྟོན་པ་སངས་རྒྱས་པའི་དུས་སྟོན་ཚེས་བཅུ་དྲུག་ཏུ་བྱ་དགོས་པར་ཐལ་བའི་རིགས་པའི་སྒྲུབ་བྱེད་ཡོད་པས་སོ། །དེས་ན་ཐོ་རེངས་ནི་སྐར་མའི་འོད་ཀྱིས་སྣང་བར་བྱེད་པ་དང་སྐྱ་རེངས་ནི་ཉི་མའི་མདངས་ཀྱིས་བྱེད་པ་ཡིན་སྙམོ།།
རྫོགས་སོ།།
2010-05-12
རྒྱ་གར་གྱི་ཁུ་བྱུག
༡ ཁྭ་ཏས་ཁུ་བྱུག་གི་ཕྲུག་གུ་གསོ་བཞིན་པ། ར་ས་ཕོ་ཉས་དཔར་བླངས།
༢ རྒྱ་གར་ཁུ་བྱུག་མོའི་གཟུགས་བརྙན།
༣ ཡུལ་ལུང་གཞན་གྱི་ཁུ་བྱུག་གི་རིགས་ཤིག
༤ ཁུ་བྱུག་གི་རིགས་ཤིག
༥ བོད་ཀྱི་ཁུ་བྱུག
དབྱིན་སྐད་དུ་ཀུག་ཀཽ་cuckooརྒྱ་གར་སྐད་དུ་ཀོ་ཡལ་ (koyal)(koel) བོད་སྐད་དུ་ཁུ་བྱུག་ཞེས་བྱ་བ་དེའི་སྐོར་བཤད་ན། དང་ཐོག་ངས་བོད་དུ་ཁུ་བྱུག་མཐོང་མ་མྱོང་བས་ཁ་པོ་ཆེ་ཞེ་དྲག་བཤད་མ་ཕོད་ཀྱང་། འོན་ཏེ་འདུག་སེ་བསམ་བློ་གཏོང་དུས་གོང་གི་འདྲ་པར་དང་པོའི་ནང་གི་ཀོ་ཡལ་ཞེས་པའི་བྱ་དེ་རྒྱ་གར་གྱི་ཁུ་བྱུག་དུ་ངོས་འཛིན་ཆོག་གམ་སྙམ། སྤྱིར་བཏང་ཀོ་ཡལ་ཞེས་པའི་བྱ་དེ་ཆར་མགོ་མ་འཛུགས་ཙམ་ལ་ཡོང་གི་འདུག་ལ། དེ་དུས་མྱང་ངན་མེད་ཤིང་ལྡོང་སོགས་ཀྱི་འབྲས་བུ་དག་ཟ་བར་བྱས་ཤིང་། སྐད་ཆེན་པོ་སྙན་པོ་དེ་དག་རྒྱག་གི་འདུག འཚམས་རེ་སྔ་ཐོག་ཆུ་ཚོད་ལྔ་པ་ཙམ་དེ་པ་ལྒེ་ཁུང་གི་ཁྲིད་ལ་ཡོང་ནས་སྐད་རྒྱག་གི་འདུག ཀོ་ཡལ་ཞེས་པའི་བྱ་དེར་ཡ་མཚན་དགོས་པ་གཉིས་འདུག དེ་ཡང་བྱ་དེའི་རིགས་ལ་ཕོ་མོ་གཉིས་སྤུ་མདོག་བེད་དེ་མི་འདྲ་བ་རེད། གཅིག་ནི་ནག་པོ་ནག་རྐྱང་དང་། གཅིག་ཤོས་ནི་ཁྲ་ཁྲ་རེད་འདུག ཡང་ཡ་མཚན་པ་གཞན་ཞིག་ནི་བྱ་དེའི་དབྱར་མགོ་ལ་གྲོང་གསེབ་ཏུ་སླེབས་ཏེ་ཤིང་འབྲས་དེ་དག་ལོངས་སྤྱོད་པའི་ཞོར་ལ་ཁྭ་ཏའི་༼མཚོན་དཔེ་འདྲ་༽ཚང་དུ་འཛུལ་ཞུགས་བྱས་ནས་སྒོ་ང་གཏོང་གི་འདུག དེ་ཡང་བྱ་ཕོ་དེས་ཁྭ་ཏའི་ཨ་མ་དེར་བརྙས་པར་བྱས་ཏེ་ཚང་གི་ཕྱི་རོལ་ཁྲིད་པའི་དུས་སྐབས་སུ་རྒྱ་གར་གྱི་ཁུ་བྱུག་མོ་དེས་ཁྭ་ཏའི་ཚང་དུ་ཞུགས་པར་བྱས་ཀྱི་འདུག རྗེས་མ་ཁྭ་ཏའི་ཚང་ནང་རྒྱ་གར་གྱི་ཁུ་བྱུག་ཀོ་ཡལ་གྱི་ཕྲུག་གུ་སྐྱེད་ཀྱི་འདུག་ལ་ཁྭ་ཏའི་ཨ་མས་ཀྱང་གསོ་སྐྱོང་བྱས་ཀྱི་འདུག
གོང་གསལ་དེ་ཚོ་ངས་མིག་གི་མཐོང་བ་དང་ལམ་སེང་དཔར་ཡང་བླངས་པ་ཡིན། དེ་སྔོན་ཀོ་ཡལ་གྱི་སྤྱོད་པ་དེ་འདྲ་ཡོད་པ་ངས་དེབ་དེ་འདྲའི་ནང་མཐོང་བ་ལས་མངོན་སུམ་དུ་རིག་མ་མྱོང་།
ཀོ་ཡལ་ནི་བྱ་ཀུག་ཀཽ་ཡི་ཁུངས་སུ་གཏོགས་པ་འཛམ་གླིང་ཡོངས་གྲགས་ཡིན། དེ་བཞིན་དུ་ང་ཚོ་བོད་ཀྱི་ཁུ་བྱུག་ཡང་བྱ་ཀུག་ཀཽ་ཡི་ཁུངས་སུ་ཆ་འཇོག་བྱེད་ཀྱི་ཡོད། ཀུག་ཀཽ་ལ་ཚན་མདོག་འདྲ་མིན་མང་པོ་འདུག་པས། ཁུ་བྱུག་བྱ་བ་ནི་ང་ཚོ་བོད་ལ་ཡོད་པ་དེ་དང་གཅིག་པ་གཅིག་རྐྱང་ཞིག་ལ་གོ་རྒྱུ་མ་ཡིན་པར་དེའི་རིགས་ཡོངས་རྫོགས་ལ་གོ་དགོས་སྙམ། དེ་འདྲ་བེད་སྤྱོད་བྱས་ན་བོད་ཀྱི་ཁུ་བྱུག་ཞེས་པའི་མིང་ཚིག་དེ་ནུས་པ་ཆེ་རུ་སོང་བ་རེད་ཡ།
ཧི་མ་ལ་ཡའི་ཡིག་གཟུགས་གློག་ཀླད་དུ་འཇུག་ཐབས།
ཧི་མ་ལ་ཡ་བོད་ཡིག་ནི་འཛམ་གླིང་སྤྱི་གྱུར་གྱི་ཨང་རྟགས་ཅན་གྱི་གློག་ཀླད་ཡིག་གཟུགས་ཤིག ཡིག་གཟུགས་དེའི་ཐོག་ནས་ཁྱེད་གློག་འཕྲིན་སོགས་བདེ་བླག་དུ་གཏོང་ཐུབ་ངེས་ཡིན་ལ། དྲ་ཚིག་སོགས་ཀྱི་ནང་དུ་རྩོམ་ཡིག་སྤེལ་སྐབས་ཡིག་གཟུགས་འདི་ཕུལ་དུ་བྱུང་བ་ཞིག་ཡིན། ཡིག་གཟུགས་དེ་གློག་ཀླད་རྒྱུད་དྲ་ཚིག་དུ་བེད་སྤྱོད་བྱེད་པར་དྲ་འདྲེན་གཉེན་ཆས་ཨང་༦་ལས་གསར་བ་དགོས་ཡོད། དཔེར་ན་IE7(internet explorer 7)དངIE8སོགས། གལ་ཏེ་ཉིད་ཀྱིས་གཤམ་གསལ་ལྟར་བྱས་ན། ཧི་མ་ལ་ཡའི་མཛུབ་བསྣུན་དང་མཐུན་པར་བཀོལ་སྤྱོད་བྱ་ཐུབ་རྒྱུ་ཡིན་ནའང་། གལ་ཏེ་TCRCབོད་གཞུང་ཡིག་གཟུགས་དང་སྨོན་ལམ་དང་པོའི་ཡིག་གཟུགས་ཀྱི་མཛུབ་བསྣུན་ལ་ཧ་ཅང་གོམས་པ་ཞིག་ཡིན་ན། སྨོན་ལམ་གསུམ་པའི་ནང་གི་TCRCདང་མཐུན་པའི་མཛུབ་བསྣུན་བེད་སྤྱད་བྱ་ཆོག སྤྱིར་བཏང་ཁྱེད་ཀྱིས་སྨོན་ལམ་གསུམ་པ་ཞེས་པའི་ཡིག་གཟུགས་བེད་སྤྱད་གནང་ཐུབ་ན་དེས་ཀྱང་ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་གོ་ཆོད་ཀྱི་ཡོད་པ་ཡིན།
༡ གློག་གླད་དུ་ཧི་མ་ལ་ཡའི་བོད་ཡིག་འཇུག་ཚུལ་དངོས་གཞི།
དང་ཐོག་ཉིད་ནས་དྲ་རྒྱ་བརྒྱུད་ཧི་མ་ལ་ཡའི་ཡིག་གཟུགས་སྒམ་ཆུང་ཕབ་ལེན་གནང་དགོས། ཕབ་ལེན་གྲུབ་པའི་རྗེས་སྒམ་ཆུང་དེའི་ནང་དུ་འཛུལ་ནས་གཤམ་གྱི་ལམ་སྟོན་ཀ་པ་དང་ཁ་པ་ལྟར་ལག་ལེན་གནང་རྒྱུ། ཕབ་བྱས་པའི་སྒམ་ཆུང་དེའི་ནང་དུ་མཛུབ་བསྣུན་གྱི་ས་ཁྲ་ཡང་ཡོད་པ་ཐུགས་འཇགས་འཚལ།
༢ ཧི་མ་ལ་ཡའི་ཡིག་གཟུགས་ཕབ་ལེན་གནང་སའི་དྲ་ཚིག་གི་ཁ་བྱང་། http://tibettimes.dhasatimes.com/upload/pages/himalaya.ttf
http://tibettimes.dhasatimes.com/upload/pages/himalaya.ttf
(ཀ) ཧི་མ་ལ་ཡའི་བོད་ཡིག་གློག་ཀླད་ནང་འཇུག་ཚུལ།
1) Tibetan ཞེས་པ་དེ་སྒོ་ཕྱེ།
2) "Setup"ཞེས་པ་དེར་ཐེངས་མ་གཉིས་བསྟུད་མར་བསྣུན།
3) འཐེབ་གཞོང་སྟེང་གི་"Enter"ཞེས་པ་དེར་བསྣུན།
4) (Windows File Protection)this "Cancel'
ཧི་མ་ལ་ཡའི་བོད་ཡིག་གློག་ཀླད་ནང་བཅུགས་ཟིན་པ་ཡིན།.
(ཁ) འཐེབ་གཞོང་སྒྲིག་ཚུལ།
1) Control Panel ཞེས་པ་དེར་ཕྱིན་ནས།
2) "Languages"ཞེས་པ་དེར་བསྣུན།
3) དེ་ནས་"Add other languages"ཞེས་པར་བསྣུན།
4) དེ་ནས་"Details"ཞེས་པར་བསྣུན།
5) དེ་ནས་"Add"ཞེས་པར་བསྣུན།
6) ལྒི་ཁུང་དེའི་གོང་མའི་ནང་"chinese(PRC)"འོག་མའི་ནང་"Tibetan(PRC)"ཞེས་པ་འདེམས།
7) "Apply"ཞེས་པར་བསྣུན།
8) "Ok"ཞེས་པར་བསྣུན།
དབྱིན་ཡིག་དང་བོད་ཡིག་འཐེབ་གཞོང་བརྗེ་པ་རྒྱག་དུས་༼Ctrl༽ཞེས་པ་དང་༼Shift༽ཞེས་པའི་མཛུབ་བསྣོན་མཉམ་དུ་བསྣུན་དགོས།
ཟིན་བྲིས་པའི་མཆན། གོང་གསལ་ལྟར་ལག་ལེན་གྱི་ཚོད་བལྟ་བྱ་རྒྱུ་མ་བྱུང་།
2010-03-04
སྦུར་པ། འབུ་སྲིན་གྱི་རིགས་ཤིག
བོད་སྐད་དུ་སྦུར་པ་ཟེར་ལ། ཡུལ་ལུང་ལ་ལར་བོང་བེ་རྒྱའུ་ཡང་ཟེར། དེ་ནི་དབྱིན་སྐད་ནང་beetle ཞེས་པའི་འབུ་དེ་ལས་གཞན་དུ་མེད།
སྦུར་པ་ནི་ས་འོག་དང་ས་སྟེང་། ནམ་མཁའ་གསུམ་ཆར་བསྐྱོད་ཐུབ་པའི་འབུ་སྲིན་ཞིག་ཡིན་པ་དང་། བོད་དུ་བྱིས་པ་ཚོས་སྦུར་པ་བཟུང་ནས་ཤུགས་ཚད་དུ་བཅུགས་པ་དང་། ཤོག་བུ་ཁོག་སྟོང་དེ་འདྲ་གཡོགས་ནས་འཁུར་བཅུགས་ནས་རྩེད་མོ་ཡང་རྩེ་ཡི་ཡོད། སྦུར་པའི་ཨ་མ་དེ་ཚོའི་བྲང་ཁོག་འུག་སྦུར་ཕྲུག་གིས་ཁེངས་བསྡད་ཡོད་ལ་སྦུར་པས་མིས་མགོ་བོར་ཞུས་ན་ན་ཚ་ཆེན་པོ་བཏང་གི་རེད་ལ། སྐབས་རེ་གློག་གི་ཤེལ་ཏོག་ལ་རྒྱབ་ནས་ཤེལ་ཏོག་བཅོག་པར་ཡང་བྱེད་ཀྱི་རེད། ཕྱི་རྒྱལ་དུ་dung beetleསྦུར་པ་རིགས་ཤིག་གིས་ས་རིལ་རིལ་ཆེན་པོ་དེ་འདྲ་བཟོ་ཡི་ཡོད་འདུག