2010-05-14

འང་གུ་དང་ཕུག་རོན།

དབྱིན་སྐད་དུ་ཌོབ་doveདང་པེ་ཇཽན་pigeonབར་ཁྱད་པར་ཕྱེ་ཡི་ཡོད་པ་བཞིན་བོད་སྐད་ཀྱི་ནང་དུ་འང་གུ་དང་ཕུག་རོན་ལ་ཁྱད་པར་ཡོད་དམ། ནམ་རྒྱུན་བོད་མི་ཚོའི་བསམ་བློ་ནང་ཞི་བདེའི་མཚོན་རྟགས་ཀྱི་བྱ་དེ་འང་གུ་རེད་སྙམ་གྱི་ཡོད། ངས་བྱེད་ན་དེ་ནི་འང་གུ་མིན་པར་ཕོག་རོན་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཞི་བདེའི་མཚོན་རྟགས་ཀྱི་བྱ་དེ་ནི་དབྱིན་སྐད་དུ་ཌོབ་ཞེས་པ་དེ་ཡིན། བྱ་དེ་ནི་པེ་ཇཽན་ནམ་འང་གུ་ལས་ཆུང་བ་ཡོད་པ་དང་། སྒྲོ་མདོག་མང་ཆེ་བ་དཀར་པོ་དང་སྐྱ་བོ་ཡིན་པ་དང་། གཞན་ལ་ཕར་རྒོལ་གཏན་ནས་མ་བྱེད་པ་ཡིན།



dove :ཕུག་རོན།



pigeon :འང་གུ།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།