2010-05-13

མཚར་གཏམ།

ཉིན་ཞིག་ཨ་མི་རི་ཀ་ནས་དཔོན་པོ་ཆེན་པོ་ཞིག་རྒྱ་གར་དུ་གཞུང་འབྲེལ་ཐོག་ཕེབས་པ་སྐབས། དགོང་མོ་ཞིག་རྒྱ་གར་གཞུང་གིས་ཁོང་གསོལ་ཚིགས་ལ་གདན་འདྲེན་ཞུས་ནས་རྒྱ་གར་གྱི་ཐུན་མོང་མིན་པའི་ཞལ་ལག་ཁ་ཚ་པོ་དེ་འདྲ་མང་པོ་བཀྱགས་རེད། དེའི་སང་ཞོགས་དེར་ཨ་མི་རི་ཀའི་དཔོན་པོ་དེ་གསང་སྤྱོད་ནང་བསྐྱོད་སྐབས་འོ་བརྒྱལ་ཆེན་པོ་བྱུང་བས་ཚིག་པ་ཟ་ཐག་ཆོད་དེ། ཉིན་གུང་གསར་འགྱུར་འདུ་ཚོགས་ཤིག་ཡོད་པ་དེར་ "དཱ་་་་གཞི་ནས་ཤེས་སོང་རྒྱ་གར་བས་གསང་སྤྱོད་ནང་ཤོག་བུའི་ཚབ་ལ་ཆུ་བེད་སྤྱོད་གཏོང་དགོས་ཡག་དེ་" "གལ་ཏེ་རྒྱ་གར་དུ་གསང་སྤྱོད་ནང་ཆུ་བེད་སྤྱོད་མ་བཏང་པར་ཨ་རི་ནང་བཞིན་ཤོག་བུ་བེད་སྤྱོད་བཏང་ན་མེ་ཤོར་ཡག་ཉན་ཁ་འདུག"ཞེས་ལབ་པ་རེད།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།